ཐོས་སྒྲུང་ཇི་ལྟར་བྱུང་ཚུལ།

ཚེ་རིང་དབང་རྒྱལ།        2010-11-16

ལྔ་པ་ཐོས་སྒྲུང་ཞེས་པ་ནི་ཡི་གེ་ཤེས་མིན་གྱི་དོན་ལ་མ་ལྟོས་པར་རང་གི་འབད་པ་ལྷོད་མེད་ཀྱིས་སྒྲུང་མཁན་གཞན་པས་གླིང་སྒྲུང་བཤད་སྐབས་ལན་གྲངས་རྫོགས་མེད་གསན་བཞེས་གནང་སྟེ་ཚོགས་དོན་ཕལ་ཆེར་བློ་ལ་ངེས་པའི་སྒྲུང་པའི་རིགས་ལ་ཟེར།གོང་བཤད་ལྟར་བབས་སྒྲུང་དང་།དགོངས་གཏེར་ལས་བྱུང་བའི་སྒྲུང་དང་།པྲ་སྒྲུང་སོགས་ལྐོག་གྱུར་གྱི་ནུས་པ་ལ་བརྟེན་ནས་གླིང་སྒྲུང་བཤད་མཁན་ལྟ་བུའི་གྲས་མིན་པར།ཁོང་རྣམ་པའི་ཐུན་མོང་གི་ཁྱད་ཆོས་ལྟ་བུ་ནི།གླིང་རྗེ་གེ་སར་མཆོག་དང་ལྷག་པའི་ལྷ་དབྱེར་མེད་དུ་དད་འདུན་བཟང་པོ་ཟློག་ཏུ་མེད་པར་ཡོད་ཅིང་།དེ་དག་ལས་མང་ཆེ་བས་ཡི་གེ་མི་ཤེས་ཤིང་ལ་ལ་ནི་ད་དུང་ལོང་བ་ཡང་ཡོད་དོ།།
  • ལེ་ཚན་སྔོན་མ།:བརྒྱད་སྒྲུང་ཇི་ལྟར་བྱུང་ཚུལ།
  • ལེ་ཚན་རྗེས་མ།:གེ་སར་རྒྱལ་པོའི་བསང་ཁྲི།