ཁ་ཆེ་སྟོབས་ལྡན།

        2010-11-18

ཁོ་སྐྱེས་ཡུལ་ཁ་ཆེ་ནས་ཡིན་ཞིང་ཁ་ཆེ་རྒྱལ་པོ་དང་རུས་རྒྱུད་གཅིག་ལ་བློན་ཆེན་ཞིག་ཀྱང་ཡིན།ལ་དྭགས་ལ་ཕྱིན་ནས་ལ་དྭགས་ཀྱི་དམག་དཔོན་ཆེན་པོར་གྱུར་ཏེ།ཁོང་ནི་ལུས་སྟོབས་ཆེ་ཞིང་དྲག་རྩལ་ལ་མཁས་པ་ཞིག་ཡིན་པས་ལ་དྭགས་ཀྱི་དམག་དཔོན་ཚང་མའི་ནང་གི་གཙོ་བོ་གྱུར་ཅིང་།ལ་དྭགས་རྒྱལ་པོ་གཞོན་ནུ་དགའ་བོས་ཀྱང་བལ་འགན་མང་པོ་ཞིག་ཁོའི་ཕྲག་ལ་བཀལ་མྱོང་།འཐབ་འཁྲུག་ལན་མང་པོ་ཞིག་གི་ཁྲོད་དུ་གླིང་གི་གེ་སར་སྟག་ཨ་དོམ་དང་ཨ་སྟག་ལྷ་མོས་ཀྱང་ཁོ་མ་ཐུབ།གླིང་གི་དམག་མི་མང་པོ་ཞིག་ཁོས་བསད།འཐབ་འཁྲུག་གི་མཇུག་ཙམ་ལ་གླིང་གི་རྒྱལ་སྲས་དགྲ་བླ་རྩེ་རྒྱལ་གྱིས་ཁོའི་སྲོག་བཅད།
  • ལེ་ཚན་སྔོན་མ།:གངས་རྗེ་ཁྲི་རྗེ།
  • ལེ་ཚན་རྗེས་མ།:ནང་བློན་འདན་མ་བྱང་ཁྲ།