ཨ་ཀོང་ཇོ།

མཁས་མིང་པས་བཤུས།        2010-11-18

ཡབ་རྒྱ་རྗེ་ཀ་ར་ཀུན་ཀོན་དང་ཡུམ་བཙུན་མོ་ཉི་མ་ཁྲི་སྐྱིད་གཉིས་ཀྱི་སྲས་མོ་སྟེ།སྲས་མོས་རང་གི་མ་ཡུམ་ཉི་མ་ཁྲི་སྐྱིད་དེ་སྲིན་མོ་སྤུན་དགུའི་ཁྲག་ལས་འཐོར་བའི་བུ་མོ་ཡིན་པས་རྒྱ་བོད་གཉིས་ཀྱི་སྲོག་གི་གཤེད་མར་འགྱུར་བ་དང་སངས་རྒྱས་ཀྱི་བསྟན་པའི་དགྲ་བོ་ཞིག་འོང་ཉེན་ཡོད་པ་ཤེས་རྗེས།ཁོང་གིས་རྒྱ་ཁྲིམས་ཐར་བའི་བུ་མོ་སྤུན་བདུན་དང་གྲོས་བྱས་ནས་རྒྱ་བྱ་འཆི་མེད་ཀྱིས་གཙོ་བྱས་པའི་བྱ་སྤུན་གསུམ་ཁྲ་མོ་གླིང་ལ་བཏང་སྟེ་འཛམ་གླིང་སེང་ཆེན་རྒྱལ་པོ་ལ་རྒྱལ་པོའི་མྱ་ངན་གསལ་བ་དང་བཙུན་མོའི་རོ་རྡུལ་བཞུ་བ་རྒྱ་ནག་ཆོས་ལ་འགོད་རྒྱུའི་ཆེད་དུ་རྒྱ་ཡུལ་དུ་ཕེབས་རོགས་དགོས་པའི་གསེར་ཡིག་ཕུལ།གླིང་རྗེ་གེ་སར་རྒྱལ་པོ་རྒྱ་ཡུལ་དུ་ཕེབས་ནས་འགྲོ་དོན་རྫོགས་ཏེ་ཕྱིར་དཀར་པོ་གླིང་ལ་བྱོན་སྐབས།ཨ་ཀོང་ཇོ་དང་བུ་མོ་སྤུན་བདུན།བློན་ཆེན་མུ་ཁྲི་ལྡན་པ།རི་བོ་ཐོག་བསྒུལ།ཁྲི་ཤོག་ལྡན་པ་རྣམས་ཀྱིས་སྤྲིན་ཤོག་མཐོན་པོའི་ལ་ཁ་བར་དུ་སྐྱེལ་མ་བྱས་སོ།།
  • ལེ་ཚན་སྔོན་མ།:གླིང་གེ་སར་རྒྱལ་པོ།
  • ལེ་ཚན་རྗེས་མ།:སྣང་ཆུང་གཡུ་སྟག