གཙང་བཀྲ་ཤིས་ལྷུན་པོར་བསྟོད་པ།

        2013-04-01

གཙང་བཀྲ་ཤིས་ལྷུན་པོའི་གླིང་མགོ་ལ།།
གུར་མི་འདྲ་མི་གཅིག་གུར་གསུམ་ཕུབ།།
གུར་སེར་པོ་བླ་མའི་གཟིམས་གུར་རེད།།
ལྷ་བླ་མའི་གཟིམས་གུར་ཅི་ཡིས་མཆོད།།
ལྷ་བླ་མའི་གཟིམས་གུར་སྤོས་ཀྱིས་མཆོད།།
སྤོས་དྲི་བཟང་དྲི་ཞིམ་མ་ཡལ་དགོས།།
གཙང་བཀྲ་ཤིས་ལྷུན་པོའི་གླིང་སྐེད་ལ།།
གུར་མི་འདྲ་མི་གཅིག་གུར་གསུམ་ཕུབ།།
གུར་དཀར་པོ་དཔོན་ལུའི་གཟིམས་གུར་རེད།།
གོང་དཔོན་ལུའི་གཟིམས་གུར་ཅི་ཡིས་མཆོད།།
གོང་དཔོན་ལུའི་གཟིམས་གུར་དར་གྱིས་མཆོད།།
དར་དཀར་པོའི་ཚར་ལོ་མ་ཞིག་དགོས།།
གཙང་བཀྲ་ཤིས་ལྷུན་པོའི་གླིང་མཐལ་ལ།།
གུར་མི་འདྲ་མི་གཅིག་གུར་གསུམ་ཕུབ།།
གུར་སྔོན་པོ་ཕ་ཁུའི་གཟིམས་གུར་རེད།།
ཕ་ཁུ་བོའི་གཟིམས་གུར་ཅི་ཡིས་མཆོད།།
ཕ་ཁུ་བོའི་གཟིམས་གུར་ཆང་གིས་མཆོད།།
ཆང་ཞིམ་པོའི་ཕབ་རྒྱུན་མ་ཆད་དགོས།།
 
  • ལེ་ཚན་སྔོན་མ།:ཁམས་ཉག་རོང་དང་སྐོར་བྲོ།
  • ལེ་ཚན་རྗེས་མ།:དགུང་སྐྱིད་ཨ་སྔོན་མ་བཞེངས་ལྷ་ཁང་འདྲ།