མི་རིགས་ཟློས་གར་གྱི་སྒྱུ་རྩལ་པ་བློ་བཟང་ཡེ་ཤེས།

        2012-05-28

མི་རིགས་ཟློས་གར་གྱི་སྒྱུ་རྩལ་པ་བློ་བཟང་ཡེ་ཤེས།
གངས་རིའི་ཡུལ་མཆོག་ཁམས་པའི་མཐོ་སྒང་དུ།གླུ་གཞས་ལྟད་མོས་ཡིད་སེམས་རབ་ཏུ་འཕྲོག ཞེས་པ་ལྟར།མཛེས་ཞིང་ཡིད་དུ་འོང་བའི་ཁམས་བོད་མཐོ་སྒང་ཐོག་གི་བོད་རིགས་མི་དམངས་ཚོའི་ཁ་རྒྱུན་དུ་འགྲོ་ཤེས་པ་ནས་ཟློས་གར་འཁྲབ་ཤེས་པ་དང་།སྐད་ཆ་བཤད་ཤེས་པ་ནས་གླུ་དབྱངས་ལེན་ཤེས་པའི་བཤད་སྲོལ་དུ་ཆགས་ཡོད།བློ་བཟང་ཡེ་ཤེས་ལགས་ཀྱིས་ཆུང་དུས་ནས་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་པ་དང་།རང་ཉིད་མི་རིགས་ཀྱི་ཟློས་གར་ལ་ཧ་ཅང་དགའ་བ་རེད།སྟབས་ལེགས་པའི་དུས་སྐབས་ཤིག་ལ་དཀར་མཛེས་ཁུལ་གླུ་གར་ཚོགས་པའི་དགེ་རྒན་ཚོས་བློ་བཟང་ཡེ་ཤེས་ཀྱི་ཕ་ཡུལ་ཕྱག་ཕྲེང་རྫོང་དུ་ཟློས་གར་སློབ་མ་བསྡུ་སྐབས་བློ་བཟང་ཡེ་ཤེས་མཐོང་ནས་དཀར་མཛེས་ཁུལ་གླུ་གར་ཚོགས་པའི་ནང་བསྡུས་པ་དང་དེ་ནས་བཟུང་བློ་བཟང་ཡེ་ཤེས་ཀྱི་མི་ཚེ་ཧྲིལ་པོ་དེ་རང་ཉིད་མི་རིགས་ཟློས་གར་གྱི་བྱ་གཞག་དང་དམ་དུ་སྦྲེལ་བ་རེད།  བློ་བཟང་ཡེ་ཤེས་ཀྱིས་རང་ཉིད་མི་རིགས་ཀྱི་གླུ་གཞས་སྒྱུ་རྩལ་གཉེར་རྗེས།རང་ཉིད་མི་རིགས་ཀྱི་གླུ་གཞས་སྒྱུ་རྩལ་གཉེར་རྗེས།རང་ཉིད་མི་རིགས་ཀྱི་གླུ་གཞས་སྒྱུ་རྩལ་ལ་ནུས་ཤུགས་ཡོད་ཚད་འདོན་པ་རེད།བློ་བཟང་གཉེར་བའི་ནང་མི་ཚེ་ཧྲིལ་པོར་རང་ཉིད་མི་རིགས་ཀྱི་ཟློས་གར་སྒྱུ་རྩལ་གཏན་སྲུང་བྱེད་ཀྱི་ཡོད།ཁུལ་གླུ་གར་ཚོགས་པའི་ཟློས་གར་རུ་ཁག་ཏུ་སྡོད་དུས་ཁོང་ནི་རུ་ཁག་ནང་གི་རྐང་འཛིན་པ་ཞིག་ཡིན་པ་དང་གླུ་གཞས་ཟློས་གར་《བུད་མེད་དམར་དམག》དང《ལྕགས་ཟམ་ཁ།》《གསེར་རྟའི་བསྟོད་གླུ》བཅས་ཀྱི་གླུ་གཞས་ཟློས་གར་ནང་ཁོང་གིས་བྲོ་དཔོན་དང་ཁེ་གཞས་འཁྲབ་པའི་ལས་འགན་འཁུར་བ་རེད།བློ་བཟང་ཡེ་ཤེས་ཀྱིས་བྱ་བ་ཅི་བྱས་ན་ཧ་ཅང་འགན་སེམས་ཆེ་བ་དང་ཁོང་གིས་བཤད་རྒྱུར།དེང་སང་གླུ་གར་ཚོགས་པས་སློབ་མ་བསྡུ་བ་དེ་ཚང་མར་རིག་གནས་དང་ལག་རྩལ་ངེས་ཅན་ཞིག་ཡོད་པ་དང་།གཅིག་ནི་ཁོ་ཚོ་ལོ་ན་གཞོན་པ་དང་གཉིས་ནི་གླུ་གཞས་ཆེད་ལས་སློབ་གྲྭ་ཆེ་བཅས་ཀྱི་དབང་གིས།རང་ཉིད་ཀྱིས་མུ་མཐུད་སློབ་སྦྱོང་མ་བྱས་ན་དུས་རབས་ཀྱི་རྗེས་སུ་ཐོན་མི་ཐུབ་པ་རེད་ཅེས་ཟེར།བློ་བཟང་ཡེ་ཤེས་ཀྱིས་རང་ཉིད་ལོ་ཚད་ལ་གཞི་བཟུང་ནས་དུས་ཐོག་ཏུ་ཟློས་གར་འཁྲབ་ཁྲིད་ཀྱི་ཕྱོགས་སུ་བསྒྱུར་བ་དང་།ཁོང་གིས་ཧུར་ཐག་གིས་དམངས་ཁྲོད་ཀྱི་གླུ་གཞས་ཀྱི་ནང་དོན་ཞིབ་ཆ་སྔོགས་འདོན་གང་ལེགས་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཕུལ་བྱུང་ཅན་གྱི་ཟློས་གར་ཚོ་གཅིག་གསར་བརྩམས་བྱས་པ་དཔེར་ན།ཁོང་གིས་ཐེངས་དང་པོར་གསར་རྩོམ་བྱས་པའི་གླུ་གཞས《འབྲོག་པའི་གླིང་བུ།》ཞེས་པ་དེ་ནི་ཁོང་གིས་ལོ་མང་པོའི་ནང་འབྲོག་པའི་འཚོ་བར་གཏིང་ཟབ་ཀྱི་སྒོ་ནས་རྒྱུས་ལེན་བྱས་སྟབས་དབུགས་ཐེངས་གཅིག་གི་གསར་རྩོམ་བྱས་པ་དང་།གླུ་གཞས་དེ་སི་ཁྲོན་ཞིང་ཆེན་ཟློས་གར་གསར་རྩོམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད།བརྩམ་བྱ་ལ་བྱ་དགའ་ཐོབ་པ་དེས་བློ་བཟང་ཡེ་ཤེས་ལ་སྐུལ་མ་ཧ་ཅང་ཆེན་པོ་ཐེབས་པ་མ་ཟད།སྔར་ལས་ལྷག་པར་ཁོང་གིས་ཟློས་གར་གསར་རྩོམ་བྱེད་པའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་།གསར་རྩོམ་བྱེད་པའི་ཆོད་སེམས་དང་འདོད་མོས་ཇེ་ཆེ་རུ་གྱུར་པ་རེད།༡༩༩༤ལོར་སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་ཐོག་བློ་བཟང་ཡེ་ཤེས་ཀྱིས་གསར་རྩོམ་བྱས་པའི་བུད་མེད་ཀྱི་མཉམ་གཞས་《ཨ་སྐྱིད་དགའ།》དེ་གསར་རྩོམ་དང་།འཁྲབ་སྟོན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ།《བཀྲ་ཤིས་པའི་གཞས།》གསར་རྩོམ་དང་འཁྲབ་སྟོན་གྱི་བྱ་དགའ་ཨང་གསུམ་པ་བཅས་ཐོབ་པ་དང་ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ཐོག་བློ་བཟང་ཡེ་ཤེས་ནི་ཁེ་ཁང་ཧ་ཅང་ཆེན་པོ་ཐོབ་མཁན་གྱི་བོད་ཀྱི་སྒྱུ་རྩལ་པ་ཞིག་ཏུ་གྱུར།མི་སྒེར་གྱི་ཐོག་ནས་བཤད་ན་སྒྱུ་རྩལ་མདུན་ལམ་ཐོག་སྐྱོད་པར་ལེགས་འགྲུབ་བྱུང་བའི་རྨང་གཞི་འདིང་བར་བློ་བཟང་ཡེ་ཤེས་ཀྱིས་ལོ་མང་པོའི་རིང་མི་རིགས་ཟློས་གར་གྱི་སྒྱུ་རྩལ་ལ་ངར་ཤུགས་བརྒྱབ་པར་ཁས་ལེན་ཀྱང་ཐོབ་པ་ཞིག་རེད།ལོ་དེའི་ཟླ༡༠པར་བློ་བཟང་ཡེ་ཤེས་ཀྱིས་སི་ཁྲོན་ཞིང་ཆེན་འཁྲབ་སྟོན་ཚོགས་པར་ནང་ཞུགས་ནས་པེ་ཅིན་དུ་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ༤༥འཁོར་བའི་འཁྲབ་སྟོན་བྱེད་སྒོ་ནང་ཞུགས་ཏེ་རྒྱལ་འཛུགས་སྒྲིག་འཛུགས་ཚོ་ཆུང་གིས་གཟེངས་བསྟོད་གནང་བ་དང་།ལོ་དེར་རྒྱལ་ཁབ་རིམ་པ་གཉིས་པའི་ཟློས་གར་རྩོམ་ཁྲིད་པའི་མཚན་ཐོ་རིམ་སྤར་བྱས་ཡོད་པ་རེད།
མཚན་སྙན་གྱི་ཐད་ལ་བློ་བཟང་ཡེ་ཤེས་ཀྱིས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་དངོས་གནས་ཀྱི་འཚོ་བའི་འགྱུར་ལྡོག་ལ་ཞིབ་རྟོགས་བྱས་ཏེ་སྒྱུ་རྩལ་གྱི་མདུན་ལམ་ཐོག་རྒྱུན་ཆད་མེད་པར་གསར་དུ་ཐོན་པའི་མི་རིགས་སྒྱུ་རྩལ་གྱི་གྲུབ་ཆ་གསར་པ་བསྡུ་ལེན་བྱས་པ་རེད།ཁོང་མི་སྤྱིར་བཏང་བ་ནས་རིམ་བཞིན་དེང་སང་གྲུབ་འབྲས་དེ་འདྲ་ཆེན་པོ་ཐོབ་པ་ནི་ལས་སླ་མོ་ཞིག་གཏན་ནས་མིན་པར་ཁོང་གིས་མི་རིགས་ཟློས་གར་ལ་ལྷག་བསམ་རྣམ་དག་གིས་འབད་བརྩོན་ལྷོད་མེད་བྱས་པ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན།༡༩༩༧ལོར།བློ་བཟང་ཡེ་ཤེས་ཀྱིས་རྒྱུན་ཆད་གྲབས་ཡོད་པའི་དམངས་ཁྲོད་ཀྱི་སྐོར་བྲོ་དེའི་ཐོག་ནས་གསར་རྩོམ་བྱས་པའི་བུ་དང་བུ་མོའི་ཚོགས་གཞས《གོམ་དགུའི་བཀྲ་ཤིས་ཞབས་བྲོ།》དེ་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པའི་ཐོག་གསར་རྩོམ་དང་།འཁྲབ་སྟོན་གྱི་བྱ་དགའ་ཨང་དང་པོ་ཐོབ་པར་མ་ཟད་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་“རྒྱུན་འཛིན་དང་འཕེལ་རྒྱས་གཉིས་ཟུང་འབྲེལ་བྱས་པའི་བོད་རིགས་ཀྱི་ཟློས་གར་དཔེ་འོས”ཀྱི་མཚན་སྙན་ཐོབ་པ་རེད།དེས་མ་ཚད་པར་བློ་བཟང་ཡེ་ཤེས་ཀྱིས་ད་རུང་མཉམ་འདུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་པ་དང་།ཁོང་གིས་གླུ་གར་ཚོགས་པའི་འཁྲབ་སྟོན་པར་གོ་མང་ཆོད་ཀྱི་མཉམ་འདུས་ཅན་གྱི་འཁྲབ་སྟོན་པའི་ཕྱོགས་སུ་སྐྱོད་པར་བླང་བྱ་བཏོན་པ་དང་།སློབ་སྦྱོང་གི་ཁོར་ཡུག་ཡག་པོའི་ནང་དང་ཕུལ་བྱུང་གི་སྦྱོང་བརྡར་གྱི་ལག་ལེན་དངོས་ཀྱི་འོག་ཏུ།ཉེ་ཆར།དཀར་མཛེས་ཁུལ་གླུ་གར་ཚོགས་པས་སྔོན་རྗེས་སུ་ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་གྱི་གླུ་པ་དང་ཟློས་གར་འཁྲབ་སྟོན་པ་མང་པོ་གསོ་སྐྱོང་བྱས་ཡོད་པ་དང་།ཁོ་ཚོ་ནི་གངས་ཅན་མཐོ་སྒང་དང་རྒྱལ་ཁབ་ཕྱི་ནང་གི་གར་སྟེགས་ཐོག་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་གླུ་གཞས་དྲིལ་བསྒྲགས་དང་དར་སྤེལ་གཏོང་མཁན་རྩེ་གྲ་ཅན་དུ་གྱུར་པ་དང་ཁོ་ཚོ་དེ་འདྲ་སྐད་གྲགས་ཆེན་པོ་གྱུར་པའི་ལས་དོན་ནང་བློ་བཟང་ཡེ་ཤེས་ཀྱི་ལོ་མང་པོའི་དཀའ་ཚེགས་ཀྱང་འདུས་ཡོད་པ་རེད།
དེ་བས་ཡག་པོའི་སྒོ་ནས་བོད་མི་རིགས་ཀྱི་ཟློས་གར་སྒྱུ་རྩལ་དང་དར་མདོའི་མཛའ་གཞས་གྲོང་ཁྱེར་དེ་དར་སྤེལ་གཏོང་ཆེད།བློ་བཟང་ཡེ་ཤེས་ཀྱིས་འཁྲབ་ཁྲིད་པ་གཙོ་བོ་བྱས་པའི་གླུ་གཞས་ཟློས་གར《དར་མདོའི་མཛའ་གཞས་ཀྱི་ཕ་ཡུལ》འཁྲབ་སྟོན་བྱས་པ་དེར་ལེགས་འགྲུབ་ཧ་ཅང་ཆེན་པོ་བྱུང་ཡོད་པ་དང་།གླུ་གཞས་ཟློས་གར་དེ་ཞིང་ཆེན་ཕྱི་ནང་དུ་འཁྲབ་སྟོན་བྱེད་པར་གཟེངས་བསྟོད་ཧ་ཅང་ཆེན་པོ་ཐོབ་ཡོད་པ་དང་།བོད་ལྗོངས་ཆབ་མདོ་རུ་འཚོགས་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པའི་ཐོག《དར་མདོའི་མཛའ་གཞས་ཀྱི་ཕ་ཡུལ》འཁྲབ་སྟོན་བྱེད་པར་སྐད་གྲགས་ཆེན་པོ་བཞག་ཡོད་པ་རེད།དེའི་རྗེས་སུ་ཧན་གོ་རྒྱལ་ཁབ་ཀྱིས་གདན་འདྲེན་ཞུས་པ་ལྟར།གླུ་གཞས་ཟློས་གར་དེ་སྐབས་དང་པོ་འཛམ་གླིང་རིག་གནས་སྒོ་འབྱེད་ཀྱི་ཚོགས་ཆེན་ཐོག་འཁྲབ་སྟོན་བྱས་པར་མ་ཟད།འཛམ་གླིང་ཞི་བདེའི་བྱ་དགའ་ཐོབ་པ་རེད།བློ་བཟང་ཡེ་ཤེས་ཀྱིས་འདི་དག་བཤད་དུས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད་པ་དང་།ཁོང་གིས་བཤད་རྒྱུར།དཀར་མཛེས་ཁུལ་ཟློས་གར་ཚོགས་པར་ཉེ་བའི་ལོ་ཤས་རིང་ཐོབ་པའི་བྱས་རྗེས་ཚང་མ་ནི་སྟོབས་ལྡན་གྱི་གསར་རྩོམ་ཚོ་པ་དང་ལོ་ན་གཞོན་པའི་འཁྲབ་སྟོན་དཔུང་སྡེ་ཡོད་པའི་དབང་གིས་རེད།ཁོང་ཚོས་མི་རིགས་གླུ་གར་བྱ་གཞག་ཐད་རང་ཉིད་ཀྱི་ལང་ཚོ་དང་སྤྲོ་སེམས་འདོན་པ་དེས་བོད་མི་རིགས་ཀྱི་གླུ་གར་སྒྱུ་རྩལ་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་ཡོད།བློ་བཟང་ཡེ་ཤེས་ཀྱིས་འཁྲབ་ཁྲིད་དང་འཁྲབ་སྟོན་བྱེད་པར་ཞུགས་པའི་གླུ་གཞས《གངས་དཀར་མེ་ཏོག》དང་།《རས་པ》།《སྐེ་འཐེན》།《དར་མདོའི་མཛའ་གཞས》།《སྐོར་བྲོ》།《བཀྲ་ཤིས་པའི་གཞས》།《འབའ་གཞས》སོགས་ལྗར་པན་དུ་འཁྲབ་སྟོན་བྱེད་དུས་རྒྱལ་ཁབ་ཁག་གི་སྒྱུ་རྩལ་ཚོགས་པ་དང་ལྗར་པན་གྱི་ལྟད་མོ་བ་ཚོས་མགྲིན་གཅིག་ཏུ་བསྟོད་བསྔགས་བྱས་པས།མེས་རྒྱལ་དང་བོད་མི་རིགས་ལ་མཚན་སྙན་བརྩོན་ལེན་བྱས་ཡོད་པ་རེད།
དེང་དུས་བློ་བཟང་ཡེ་ཤེས་ཀྱིས་དཀར་མཛེས་ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་འཁུར་ཡོད་པ་མ་ཟད།ད་རུང་རྒྱལ་ཁབ་རིམ་པ་དང་པོའི་ཟློས་གར་རྩོམ་ཁྲིད་པ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱོ་ཞོར་ཕོགས་ཐོབ་ཐར་རག་མཁན་ཡིན་པ་དང་།ཁོང་ད་རུང་སི་ཁྲོན་ཞིང་ཆེན་ཟློས་གར་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།སི་ཁྲོན་ཞིང་ཆེན་དམིགས་བསལ་ཅན་གྱི་བྱས་རྗེས་ཕུལ་བྱུང་གི་མཁན་ཅན་བཅས་ཀྱི་མཚན་སྙན་ཡོད་པ་རེད།འདི་གར་ང་ཚོས་བློ་བཟང་ཡེ་ཤེས་ཀྱིས་བོད་མི་རིགས་ཀྱི་མཚན་སྙན་ཡོད་པ་རེད།འདི་གར་ང་ཚོས་བློ་བཟང་ཡེ་ཤེས་ཀྱིས་བོད་མི་རིགས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་རྒྱ་མཚོའི་ནང་རྒྱུན་ཆད་མེད་པར་མི་རིགས་ཀྱི་ཟློས་གར་གྱི་དྭངས་བཅུད་གསར་པ་བསྡུ་རུབ་བྱས་ནས་བོད་མི་རིགས་ཀྱི་གླུ་གཞས་བྱ་གཞག་དར་རྒྱས་གོང་སྤེལ་ཡོང་བར་རང་ཉིད་ཀྱི་བློ་རིག་དེ་བས་མང་པོ་འདོན་པར་སྨོན་འདུན་ཞུའོ།།



 

  • ལེ་ཚན་སྔོན་མ།:བློ་བཟང་གྲགས་པ། ཁམས་པའི་གར་སྟེགས་ནས་མི་ཚེའི་སྟངས་སྟབས་བསྒྱུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།