འཛམ་གླིང་ཐོག་གི་ཆོས་ལུགས་ཆེན་པོ་གསུམ།

        2010-08-26

འཛམ་གླིང་ཐོག་གི་ཆོས་ལུགས་ཆེན་པོ་གསུམ།

འཛམ་གླིང་ཐོག་གི་ཆོས་ལུགས་ཆེན་པོ་གསུམ་ནི་ཡེ་ཤེས་ཆོས་ལུགས་དང་། དབྱི་སི་ལན་ཆོས་ལུགས། སངས་རྒྱས་ཆོས་ལུགས་བཅས་རེད།  དེ་དག་གི་འབྱུང་གནས་ཡ་གླིང་ཡིན་པ་དང་ལོ་ངོ་སྟོང་ཕྲག་རིང་གི་སྤྱི་ཚོགས་འཕེལ་རྒྱས་བརྒྱུད་རིམ་ནང་དམག་འཁྲུག་དང་། གནས་སྤོས་ཡུལ་མི། ཚོང་ལས་བྱེད་སྒོ། རིག་གནས་སྤེལ་རེས་བཅས་དང་ཆབས་ཅིག་ཏུ་འཛམ་གླིང་ཐོག་གི་རྒྱ་ཆེའི་ས་ཁུལ་དུ་ཁྱབ་ཡོད་པའི་ནང་ཡེ་ཤེས་ཆོས་ལུགས་དེ་གཙོ་བོ་ཨོའུ་གླིང་དང་། མེ་གླིང་། ཏ་དབྱང་གླིང་བཅས་སུ་ཁྱབ་ཡོད་པ་དང་། དབྱི་སི་ལན་ཆོས་ལུགས་དེ་གཙོ་བོ་ཡ་གླིང་ནུབ་མ་དང་། ཡ་གླིང་དཀྱིལ་མ། ཡ་གླིང་ལྷོ་མ། ཕེ་གླེང་བྱང་མ་བཅས་སུ་ཁྱབ་ཡོད་པ། སངས་རྒྱས་ཆོས་ལུགས་དེ་གཙོ་བོ་ཡ་གླིང་ལྷོ་མ་དང་ཡ་གླིང་ཤར་ལྷོའི་ས་ཁུལ་དུ་ཁྱབ་ཡོད་པ་བཅས་རེད།  ཆོས་ལུགས་ཆེན་པོ་གསུམ་ལ་དད་པ་བྱེད་མཁན་འཛམ་གླིང་ཡོངས་སུ་ཁྱབ་ཡོད་པ་དང། མིག་སྔར་འཛམ་གླིང་ཐོག་གི་ཆོས་ལ་དད་པ་བྱེད་མཁན་སྤྱིའི་མི་གྲངས་ཀྱི་བརྒྱ་ཆ༧༠ཙམ་བཟུང་ཡོད་པ་རེད།   
     ཆོས་ལུགས་ཆེན་པོ་གསུམ་པོ་དེ་དེང་སྐབས་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་སུ་གྱུར་པ་དེ་ནི་གཙོ་བོ་ཆོས་ལུགས་སུ་གྱུར་པ་དེ་ནི་གཙོ་བོ་ཆོས་ཀྱི་སྙིང་དང་ཆོས་ཁྲིམས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དེ་སྐབས་དེའི་ས་གནས་དེ་རང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་འཕེལ་རིམ་དང་འཚམ་པོ་ཡོད་པས་རེད།  དང་ཐོག་ཆོས་ལུགས་ཆེན་པོ་གསུམ་གྱིས་གནའ་བོའི་བོན་ལུགས་དང་གདོད་མའི་ཆོས་ལུགས་ལ་གདབང་བའ་ས་ཁོངས་ཀྱི་འཆིང་སྡོམ་རང་བཞིན་དང་རིགས་རྒྱུད་ཀྱི་གུ་དོག་རང་བཞིན་གཏོར་ནས་དད་པ་བྱེད་པའི་ལྷ་སོགས་དམིགས་བཙུགས་ཀྱི་རིགས་རྒྱུད་དང་རྒྱལ་ཁབ་ལ་དབང་བའི་དད་པ་བྱ་ཡུལ་ཁོ་ན་མ་ཡིན་པར་རིགས་རྒྱུད་དང་རྒྱལ་ཁབ་ལས་བརྒལ་བའི་ཡོངས་ཁྱབ་རང་བཞིན་ལྡན་པ་ཞིག་ཏུ་གྱུར་ཡོད་པ་རེད།
      འཛམ་གླིང་ཐོག་གི་ཆོས་ལུགས་ཆེན་པོ་གསུམ་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་ནང་གོ་རིམ་ལྡན་ལ་འཐུས་སྒོ་ཚང་བའི་ཆོསལ་ཀྱི་སྙིང་པོ་དང་སྡོམ་ཁྲིམས་གསར་གཏོད་བྱས་ཡོད་པ་མ་ཟད། དེ་དང་དུས་མཚུངས་སུ་ཅུང་ནན་པའི་ཆོས་ཚོགས་རྩ་འཛུགས་དང་རྒྱུད་རིམ་ལྡན་པའི་ལྷའི་རིག་པའི་སློབ་གསོ་ཐེབས་མྱོང་བའི་ཁོངས་མི་ཐོན་ཡོད་པ་རེད། ད་ཆ་ཆོས་ལུགས་ཆེན་པོ་གསུམ་ཀར་རང་ཉིད་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་རྩ་འཛུགས་ཡོད་པ་དཔེར་ན་འཛམ་གླིང་གི་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་ཚོགས་མཉམ་འབྲེལ་ཚོགས་པ་དང་། འཛམ་གླིང་གི་མུའུ་སི་ལིན་གྱི་ཆོས་ཚོགས། འཛམ་གླིང་གི་སངས་རྒྱས་ཆོས་དད་པའི་འཐུན་འབྲེལ་ལྷན་ཚོགས་བཅས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:འཛམ་གླིང་ཐོག་གི་ཆོས་ལུགས་ཆེན་པོ་གསུམ།
  • ལེ་ཚན་རྗེས་མ།:བཀའ་གདམས་གྲུབ་མཐའ་དར་ཚུལ།