གྲོ་མ།

གཡུ་སྒྲོན་གྱིས་བསྡུས་བསྒྱུར་བྱས།        2010-12-17

གྲོ་མ་ནི་འབྲོག་པའི་འཚོ་བའི་ནང་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན་ལ།སྐུ་མགྲོན་སྣེ་ལེན་བྱེད་ཡས་ཀྱི་ཟས་མཆོག་ཞིག་ཀྱང་ཡིན་པ་རེད།གྲོ་མ་དེ་འདྲ་མིན་སྣ་ཚོགས་ཀྱི་བཟའ་བཅའ་ལས་སྣོན་བྱེད་ཆོག་པར།གྲོ་མ་བཙོས་རྗེས་ཕོར་རུའི་ནང་བླུགས་ཏེ་མར་ཁུ་དང་ཀ་ར་དཀར་པོ་དང་མཉམ་དུ་འདྲེས་ནས་ཟ་ཆོག་པ་དང་།
བཙོས་ཟིན་པའི་གྲོ་མ་དེ་ཞོ་དང་མཉམ་དུ་བསྲེས་ནས་ཟ་ཆོག་པ།གྲོ་མ་འཐག་རྗེས་རྩམ་པའི་ཚབ་བྱས་ནས་ཟ་ཆོག་པ།གྲོ་མའི་ཕྱེ་མ་དེ་མར་དང་ཀ་ར།ཕྱུར་བ་བཅས་དང་མཉམ་དུ་བསྲེས་རྗེས།གྲུ་བཞི་ནར་མོ་དང་གྲུ་བཞི་ལྷམ་པའི་དབྱིབས་ལྟར་བཟོས་ནས།དེའི་ཐོག་བཀྲ་ཤིས་པའི་རྒྱན་རིས་བྲིས་པ་དང་རྒྱན་རིས་ཐོག་མར་ཁུ་བླུགས་ནས་ཅོག་ཙེའི་ཐོག་བཞག་ནས་ཟ་ཆོག་པ།
 
  • ལེ་ཚན་སྔོན་མ།:བོད་ཀྱི་ཟས་མཆོག་ཚེ་རིལ་བུ།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་བོད་ཀྱི་ཤ།