བོད་ཀྱི་ཟས་མཆོག་ཚེ་རིལ་བུ།།

ཟླ་བ་ཚེ་རིང་གིས་བྲིས།        2010-12-17

ཚེ་རིལ་བུ་ནི་མར་དང་ཕྱུར་བའི་མཉམ་དུ་བྱེ་མ་ཀ་ར་བསྣན་ཏེ་བརྫིས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟས་རིགས་ཤིག་ཡིན།དེ་ཡང་སྔོན་ཆད་ཟས་རིགས་དེ་གཙོ་བོ་བླ་སྤྲུལ་རྣམས་ཀྱིས་སྐབས་འགའ་ཆོས་ལུགས་ཀྱི་ཆོ་ག་སྒྲུབ་ཚེ་ལས་པའི་ཟས་རིགས་ཤིག་ཡིན།དེར་གཟུངས་སྔགས་དང་སྨོན་ལམ་གྱིས་བྱིན་གྱིས་བརླབས་པས་མི་སོགས་སེམས་ཅན་གང་གིས་བཟས་ན་འགལ་རྐྱེན་དང་བར་ཆད་སེལ་བ་དང་ཚེ་སྲོག་བྲག་རི་ལྟར་བརྟན་ངེས་ཡིན་ཞེས་བཤད་སྲོལ་ཡོད།ད་ལྟ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པས་ཟས་རིགས་དེ་བླ་སྤྲུལ་ཙམ་མ་ཡིན་པར་མང་ཚོགས་ཕལ་ཆེར་གྱིས་ལས་ཤེས་པར་མ་ཟད་ཀུན་གྱིས་ལོངས་སུ་སྤྱོད་བཞིན་ཡོད་པ་རེད།མིག་སྔར་ཟས་རིགས་དེ་ཧ་ཅང་ཞིམ་ལ་བཅུད་དང་ལྡན་པས་རྒྱ་སོགས་མི་རིགས་གཞན་གྱིས་ཀྱང་ཟ་འདོད་ཆེན་པོས་འཚོལ་ཞིབ་བྱེད་བཞིན་ཡོད།
  • ལེ་ཚན་སྔོན་མ།:བཀྲ་ཤིས་ཉི་མ་ལུང་པའི་མིང་གྲགས་སིལ་ཟས།
  • ལེ་ཚན་རྗེས་མ།:གྲོ་མ།