རྒྱ་ཡིག་པར་གཞི།
མདུན་ཤོག
གསར་འགྱུར།
ཁམས་ཁུལ།
རྩོམ་རིག
ལོ་རྒྱུས།
གླིང་སྒྲུང་།
གསོ་རིག
མི་སྣ།
སློབ་གསོ།
གནས་སྐོར།
ཆོས་ལུགས།
ཡིག་བསྒྱུར།
བྲིས་གཟུགས།
ཁོར་ཡུག
གླུ་གར།
པར་མཛོད།
སྲིད་ཁྲིམས།
བོད་ཀྱི་བཟའ་བཏུང་།
མིང་མཛོད།
རོལ་མོ།
འཚོ་བའི་ཤེས་བྱ།
ཨ་མདོ་ཡུལ་གྱི་མགོ་སྐོར་ངོ་སྤྲོད།
མཚོ་སྔོན་པོ་དྲ་བ་ལས་དྲངས། 2016-06-15
མགོ་སྐོར་ཞེས་ན་ནི་མཚོན་ཆ་ཞིག་སྟེ། ཤིང་དང་ལྕགས་སོགས་ཀྱི་དངོས་པོ་ལ་རྒྱུན་བུའི་ལུང་བཏགས་རྗེས། འཐབ་རའི་དགྲ་བོ་དང་། སྒོ་ཁྱི་ངར་མ། གཅན་གཟན་གདུག་ཅན། ཇག་རྐུན་ཆོམ་གསུམ་སོགས་རང་ཉིད་ཀྱི་ཚེ་སྲོག་ལ་འཚེ་བར་བྱེད་པའི་གཤེད་མ་དག་ལ་མགོར་བསྐོར་ནས་གཞུས་ཆོག་པ་ཡིན། དེས་ན་ཞོལ་ནས་མགོ་སྐོར་གྱི་སྐོར་ནས་ངོ་སྤྲོད་མདོར་བསྡུས་ཞིག་བྱ།
གནའ་བོའི་སྲོལ་རྒྱུན་གྱི་འཚོ་བའི་ཁྲོད་དུ་མགོ་སྐོར་ནི་མེད་དུ་མི་རུང་བའི་ལག་ཆ་རྩ་ཆེན་ཞིག་ཡིན་པ་རེད། ལྷག་པར་དུ་འབྲོག་པའི་འཚོ་བ་ལ་མཚོན་ན་སྤྱོད་སྒོ་ཆེས་ཆེར་ལྡན་པ་སྟེ། འབྲོག་པ་ཚོས་རྟ་ཕོ་བཞོན་ཞིང་རྟ་ཐོག་ནས་འགྲུལ་བྱེད་པ་དང་ནོར་རྫི་བྱེད་པ་ནི་རྒྱུན་ལྡན་ཞིག་ཡིན། དེ་བས་རྟ་བཞོན་ནས་རི་ལུང་ཐང་གསུམ་ཉུལ་ཞིང་སྡེ་བ་ཤོག་ཀ་མྱུལ་པའི་བརྒྱུད་རིམ་ཁྲོད་དུ། གཅན་གཟན་གྱིས་བདས་པ་ཡོད་ལ། སྒོ་ཁྱིས་རྨུག་པ་ཡང་ཡོད་པས། མགོ་སྐོར་ཞིག་མེད་ན་སྲོག་ཐོག་ལ་མི་འགྲོ་བའི་ངེས་པ་མེད་པ་ཡིན།
ཁོང་ཚོས་རྟ་ཐོག་ནས་མགོ་སྐོར་བསྐོར་ཏེ་ཐང་གི་གཅན་གཟན་དང་སྒོ་ཁྱི་ལ་གཞུ་ཐུབ་པར་མ་ཟད། རྒྱུན་ལྡན་གྱི་རྩལ་སྦྱོང་ཁྲོད་དུ་མེ་ཏོག་སེར་ཆེན་སོགས་ཀྱི་སྐེ་ཡང་སླ་མོར་གཅོད་པ་ཡིན། འདི་ནི་བཤད་པ་ཙམ་གྱི་སླ་མོ་ཞིག་ག་ལ་ཡིན་ཏེ། སྟབས་མ་ལེགས་པར་བཞོན་རྟ་ལ་གཞུས་པ་ན། ཡང་ན་སྟབས་མ་ལེགས་པར་རང་ཉིད་ལ་གཞུས་པ་ཡིན་ན། འདི་དག་ནི་ཉེན་ཁ་ཆེ་བའི་ཚོད་བགམ་དག་དག་ཡིན་པ་སྟེ། དུས་དེར་གཅན་གཟན་དང་སྒོ་ཁྱིས་ཀྱང་ངལ་བ་བསྟན་ནས་བདས་དགོས་ཀྱི་མ་རེད།
སྔོན་མར་མགོ་སྐོར་ནི་ཤིང་ལས་བེ་འཁོར་ཞེས་པ་ཞིག་གིས་བཟོ་བ་དང་། དེ་ལ་ལག་ཆ་གཞན་དང་མི་འདྲ་བའི་ཡོན་ཏན་འགའ་མཆིས་པ་ནི། འཁྱེར་ལ་སྟབས་བདེ་བ་སྟེ། ནམ་རྒྱུན་སྐེག་ལ་བརྒྱུས་ནས་སོང་ན་གདོས་ཆུང་བ་དང་། སྟབས་བསྟུན་རང་བཞིན་ཏེ། གལ་ལ་ཐུག་དུས་ཉེ་བར་བླངས་ནས་མགོར་བསྐོར་ན་ཐག་རིང་ཐུང་གཉིས་ལ་ཕོག་ཐུབ་པ། ཟིལ་ཤུགས་ཆེ་བ་སྟེ། སྔོན་མའི་ཤིང་བེ་འཁོར་ལྟ་བུར་མཚོན་ན་སྤུས་ཚད་དང་བོངས་ཚད་སྤྱིར་བཏང་གི་ཤིང་དང་མི་འདྲ་བས། དེས་ཕ་རོལ་བོར་གཞུས་ན་ཤུགས་ཀྱིས་ནོན་པ་སོགས་ཁྱད་ཆོས་མང་པོ་ཡོད་པ་ཡིན།
ལེ་ཚན་སྔོན་མ།:
བོད་ཀྱི་མེ་ཆའི་སྐོར་ངོ་སྤྲོད་མདོར་བསྡུས།
ལེ་ཚན་རྗེས་མ།:
གནས་སྐབས་མེད།
དོ་སྣང་ཆེ་བའི་རྩོམ།
ཨ་མདོ་ཡུལ་གྱི་མགོ་སྐོར་ངོ་སྤྲོད།
བོད་ཀྱི་མེ་ཆའི་སྐོར་ངོ་སྤྲོད་མདོར་བསྡུས།
མེས་པོའི་ཤུལ་ནོར།
རྒྱལ་རོང་བའི་སྔོན་དུས་ཀྱི་ཞིང་ལས་ཡོ་བྱད།
སོན་འདེབས་པ།
རྩོམ་གསར། 10
རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
སླར་མཇལ་བ།
དུར་ཁྲོད་འོག་གི་དྲན་པ།
མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
ཨ་ཕ་དང་ལུག་ཁྱུ།
༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
ཁུ་བྱུག
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
དོ་སྣང་ཆེ་བའི་རྩོམ། 10
ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་ག
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ