དར་མདོ་གྲོང་ཁྱེར་གྱིས་སློབ་གསོ་འཕེལ་རྒྱས་སྐོར་གྱི་ཚོགས་ཆེན་འཚོཊ།

        2026-09-11

  སྤྱི་ཟླ9པའི་ཚེས7ཉིན། དར་མདོ་གྲོང་ཁྱེར་གྱིས་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཚོགས་ཆེན་འཚོགས་པ་རེད། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཆང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་བྱས་པ་དང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཆི་ཀོང་ཆིང་གིས་ཚོགས་འདུ་གཙོ་སྐྱོང་བྱས།
དར་མདོ་གྲོང་ཁྱེར་གྱིས་སློབ་གསོ་འཕེལ་རྒྱས་སྐོར་གྱི་ཚོགས་ཆེན་འཚོཊ།

     ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞི་སློབ་གསོ་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་བྱས་པ་དང་། 《དར་མདོ་གྲོང་ཁྱེར་དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ལྕག་སྐུལ་བྱ་ཐབས》ལ་གསལ་འགྲེལ་བྱས་པ་རེད། 2026ལོ་འཁོར་གྱི་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཐུན་མོང་དང་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པའི་མི་སྒེར་ལ་གཟེངས་བསྟོད་བྱས་པར་མ་ཟད། སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་བྱ་དགའ་སྤྲད་པ་རེད། དགེ་རྒན་ཕུལ་བྱུང་འཐུས་མི་དང་སློབ་གསོ་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པའི་ཐུན་མོང་འཐུས་མི། ཁྱིམ་བདག་འཐུས་མི་བཅས་ཀྱིས་གཏམ་བཤད་སྤེལ་རེས་བྱས་པ་རེད། 

    ཝང་ཆང་གིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་མཐོ་སྒང་ལ་རྩ་བ་ཚུགས་ཤིང་དགེ་རྒན་ལས་དོན་བརྟན་སྲུང་བྱེད་མཁན་གྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོ་ལས་དོན་པ་ཚོར་དུས་ཆེན་ལ་ཉེ་རིང་འཚམས་འདྲི་དང་གུས་འདུད་ཞུས་པ་རེད།  


    ཚོགས་འདུར་ནན་བཤད་བྱས་དོན། མི་སྣ་གསོ་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་རྒྱུ་གཙོ་གནད་དུ་བཟུང་ནས་དཀར་མཛེས་ཁུལ"བྱིས་སྐྱོང་བྱ་སྤྱོད"བྱ་སྤྱོད་བཅུ་གསུམ་གྱི་ཀུན་སྤྱོད་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སློབ་གྲྭའི་བཟའ་བཅའ་ཉེན་མེད་དང་མེ་འགོག་ཉེན་མེད། ཞག་སྡོད་དོ་དམ་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་སློབ་གྲྭའི་ཉེན་མེད་མཐིལ་ཚད་དང་སློབ་ཁྲིད་འཁོར་སྐྱོད་མཐིལ་ཚད་མཐའ་གཅིག་ཏུ་བསྲུང་དགོས། སློབ་གསོའི་འགྲན་རྩོད་སྟོབས་ཤུགས་ཆེ་རུ་གཏོང་བ་དང"རྫོང་གིས་སློབ་གྲྭར་དོ་དམ་དང་གདན་ཞུ་བྱེད་པའི"བསྒྱུར་བཅོས་མུ་མཐུད་དེ་གཏིང་ཟབ་ཏུ་སྤེལ་བ། རང་ཡུལ་གྱི་སློབ་མ་ཕུལ་བྱུང་གསོ་སྐྱོང་དང་བསྔགས་སྐུལ་བཅས་བྱེད་པའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོ་ཨང་ཀི་ཅན་དུ་འགྱུར་བར་བསྐུལ་བ་བཅས་བྱ་དགོས། ཆེད་ལས་དགེ་རྒན་ཚོགས་པ་སྟོབས་ཆེར་གཏོང་བ་དང་སློབ་གསོའི་མ་དངུལ་དང་སློབ་ཁྲིད་མི་སྣ་གཅིག་གྱུར་འཆར་འགོད་དང་ལེགས་སྒྱུར། མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་འགོ་འཛིན་དཔྱད་ཞིབ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དགེ་རྒན་ལ་ཕན་པའི་བསྔགས་སྐུལ་སྲིད་ཇུས་ཁག་དོན་དུ་འཁྱོལ་བ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། སློབ་གསོའི་མཉམ་སྒྲུབ་རྣམ་པ་འཛུགས་སྐྱོང་དང་ཏང་ཨུས་གཅིག་གྱུར་འགོ་ཁྲིད། སྡེ་ཁག་གིས་རང་འགན་རང་འཁུར། སློབ་གྲྭས་དོན་འཁྱོལ་དམ་འཛིན། སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་འབྲེལ་མཐུད་བྱེད་གནས་ཤར་བགྲོད་ཐུབ་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན། མཉམ་སྒྲུབ་ལ་བརྟེན་ནས་མི་གསོ་སྐྱོང་བཅས་ཀྱི་ཁོར་ཡུག་བཟང་པོ་ཆགས་པར་བྱ་དགོས། 

    དར་མདོ་གྲོང་ཁྱེར་གྱི་མགོ་ཁྲིད་དང་། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཁག། གྲོང་རྡལ(ཡུལ་ཤོག་དང་ཁྲོམ་གཞུང)ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་ཁོངས་གཏོགས་ཀྱི་སློབ་གྲྭ་ཁག་གི་འགན་འཁུར་གཙོ་བོ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁག། ཕུལ་བྱུང་དགེ་རྒན་དང་ལས་འཁྱུར་དགེ་རྒན། ཁྱིམ་བདག་དང་སློབ་མའི་འཐུས་མི་བཅས་ཚོགས་འདུར་ཞུགས་པ་རེད།།

ལོ་ཙཱ། ཡེ་ཤེས།   

རྩོམ་སྒྲིག་པ། ཡེ་ཤེས།

རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།

ཞུ་ཆེན། སྐལ་ཐུབ།

སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གི་སློབ་ཆུང་དེས་སློབ་ཐུན་དང་པོ་འདི་ལྟར་འཚོགས།
  • ལེ་ཚན་རྗེས་མ།:མི་ཉག་རྡོ་ར་དཀར་མོར་གེ་སར་ཟློས་གར་འཁྲབ་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།