ཉག་ཆུ་ཁ་དང་ལི་ཐང་བར་ཟམ་ཆེན་འདི་འདྲ་ཞིག་བཙུགས་འདུག

        2026-07-20

ཉེ་ཆར། གསར་འགོད་པས་དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ལམ318ལམ་ཐིག་གི་སྤུས་ཚད་སྒྱུར་བཀོད་ལས་གྲྭའི་གྲས་སུ་གཏོགས་པའི་ཉག་ཆུ་རྫོང་སྤོབས་པ་རོང་ཡུལ་ཤོག་དང་ལི་ཐང་རྫོང་སྒ་བ་ཡུལ་ཤོག་སོ་དེའུ་གྲོང་སྡེ་བར་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་ཉག་ཆུ་ཟམ་ཆེན་གྱི་སྤྱི་ཁོག་ལས་ཀ་འགྲུབ་ལ་ཉེ་བས། སྔོན་དཔག་བྱས་ན་སྤྱི་ཟླ8པར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

ཉག་ཆུ་ཁ་དང་ལི་ཐང་བར་ཟམ་ཆེན་འདི་འདྲ་ཞིག་བཙུགས་འདུག
རྒྱལ་ལམ318ལམ་རྒྱུད་ཀྱི་ཉག་ཆུ་རྫོང་སྤོབས་པ་རོང་ཡུལ་ཤོག་དང་ལི་ཐང་རྫོང་སྒ་བ་ཡུལ་ཤོག་སོ་དེའུ་གྲོང་སྡེ་བར་གྱི་ཉག་ཆུ་ཟམ་ཆེན།
 
   ཉག་ཆུ་ཟམ་ཆེན་དེ་དཀར་མཛེས་ཁུལ་ཉག་ཆུ་རྫོང་དང་ལི་ཐང་རྫོང་གི་འབྲེལ་མཚམས་སུ་གནས་ཡོད་པ་དང་། སི་ཁྲོན་ནུབ་རྒྱུད་ས་ཁུལ་གྱི་མཚོ་འཕགས་མཐོ་ཚད་སྨི3000ཡན་ཟིན་པའི་འཕྱངས་ཟམ་ཞིག་ཡིན་ལ། སྤྱིའི་རིང་ཚད་སྨི748.06ལ་ཟིན་པ་དང་འཕྱངས་ཚད་གཙོ་བོ་སྨི650བརྒལ་ཡོད། ལས་གཞི་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར9.79བཏང་ནས2022ལོའི་ཟླ་བ11པར་སྐྲུན་འགོ་བཙུགས་པ་དང་། 2023ལོའི་ཟླ2པར་རྨང་གཞིའི་ཨར་ལས་བྱེད་འགོ་བཙུགས།  2024ལོའི་ཟླ་བ11པར་ཟམ་ཆེན་སྤྱི་ཁོག་ལེགས་གྲུབ་བྱུང་བ་དང་། 2026ལོའི་ཟླ་་བ་དང་པོར་ཟམ་ཆེན་སྦྲེལ་མཐུད་ཐུབ་ཡོད།  
   ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཞི་བསྐྲུན་རྗེས་རྒྱལ་ལམ318དུ་རླངས་ཤར་བགྲོད་ཐུབ་པ་དང་སི་ཁྲོན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྔར་བས་མང་བ་དང་། ཁྱད་ཆོས་ཞིང་ལས་ཐོན་རྫས་ཕྱིར་འཚོང་གི་བགྲོད་ལམ་གསར་པ་གཏོད་ཐུབ། ཕྱོགས་གཉིས་ལ་ས་ཁོངས་ཐོན་ལས་རིམ་སྤོར་དང་ཡུལ་སྡེ་དར་རྒྱས་གོང་འཕེལ་བཏང་སྟེ་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།།


ལོ་ཙཱ། ཡེ་ཤེས།
རྩོམ་སྒྲིག་པ། ཡེ་ཤེས། 
རྩོམ་སྒྲིག་འགན་འཁུར་བ། ནོར་བུ།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:རྩ་བ་ནས་ཀྲུང་གོ་མི་དམངས་ཀྱི་མདུན་ལམ་ལས་དབང་བསྒྱུར་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10