《རྩ་རྒྱུད་འཇུག་སྒོ་སྣང་བའི་གཏེར་མཛོད》པར་དུ་བསྐྲུན།

        2026-07-20

ཉེ་ཆར། པདྨ་འོད་ཟེར་དང་ཨོ་རྒྱན་སྒྲོལ་མ་གཉིས་ཀྱིས་བརྩམས་པའི《རྩ་རྒྱུད་འཇུག་སྒོ་སྣང་བའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།   

   གཞུང་འདི་ནི་ལེའུ་དྲུག་གི་བདག་ཉིད་དུ་གྲུབ་པར་བགྱིས་པ་སྟེ། ལེའུ་དང་པོར། གཙོ་བོ་དཔལ་ལྡན་རྒྱུད་བཞི་ཇི་ལྟར་གསུངས་པའི་ཚུལ་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གཏན་ལ་ཕབ་ནས་བསྟན་པ་དང་། ལེའུ་གཉིས་པར། དཔལ་ལྡན་རྒྱུད་བཞི་བསླབ་པའི་དགོས་པ་དང་རྒྱུད་བཞི་པོའི་ནང་དོན་ཆ་ཚང་ལ་གནད་འདུས་པ་ཞིག་བསྟན། ལེའུ་གསུམ་པར། རྟེན་ལུས་དང་བརྟེན་པ་ནད་ཀྱི་གནས་ལུགས་བསྟན། ལེའུ་བཞི་པར། བལྟ་རེག་དྲི་གསུམ་གྱིས་ནད་ངོས་འཛིན་ཚུལ་བསྟན། ལེའུ་ལྔ་པར། ནད་ཀྱི་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞིའི་ཚུལ་བསྟན། ལེའུ་དྲུག་པར། བོད་ཀྱི་གསོ་རིག་སྤྱི་དང་བྱེ་བྲག་རྩ་བ་ཐུགས་རྒྱུད་ཀྱི་གཞི་རྟགས་གསོ་བ་གསུམ་པོ་དཔེ་མྱ་ངན་མེད་པའི་ལྗོན་ཤིང་དང་སྦྱར་ནས་རྣམ་གྲངས་ཀྱི་ཚུལ་དུ་བསྟན་ཡོད། ལྷག་དོན་རྩ་བ་ཐུགས་ཀྱི་རྒྱུད་ཀྱི་མིང་ཚིག་ཀུན་ཐ་སྙད་རེ་རེ་བཞིན་འབྲུ་འགྲེལ་དང་དྲི་བ་དྲིས་ལན་ལྟར་བཀོད་པ་དང་། བོད་ཀྱི་གསོ་རིག་གི་ཐུན་མོང་མ་ཡིན་པའི་རྨང་གཞི་ཟབ་མོ་རྒྱུད་རིམ་ལྡན་པར་བཀྲལ་བས། བོད་ཀྱི་གསོ་རིག་ལ་གསར་དུ་འཇུག་མཁན་དག་ལ་སློབ་སྦྱོང་མཛུབ་ཁྲིད་ཀྱི་ནུས་པ་བླ་ལྷག་ལྡན་ཞིང་ཤིན་ཏུ་འཚམས་པར་གྱུར་ཡོད།།


གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་སྒྲིག་འགན་འཁུར་བ། ནོར་བུ།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སྤྱི་ཕན་དབྱར་གནང་ཚབ་གཉེར་འཛིན་གྲྭའི་འགོ་བཙུགས།
  • ལེ་ཚན་རྗེས་མ།:རྩ་བ་ནས་ཀྲུང་གོ་མི་དམངས་ཀྱི་མདུན་ལམ་ལས་དབང་བསྒྱུར་ཡོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10