མི་དམངས་དྲ་བ་ནས་དྲངས། 2024-10-31
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། 《དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་འཕེལ་རྒྱས་ཀྱི་ཆུ་ཚད་བརྟག་དཔྱད་སྙན་ཞུ(2024)》ཁྱབ་བསྒྲགས་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཀྲུང་གོ་ཚན་རྩལ་མཐུན་ཚོགས་སོགས་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་བརྟག་དཔྱད་ཐེངས་དང་པོ་བྱས་ཏེ། གྲངས་འཛིན་ཤེས་རྟོགས་དང་། གྲངས་འཛིན་རྩལ་ནུས། གྲངས་འཛིན་བསམ་གཞིག་བཅས་ཀྱི་ནུས་པ་དབྱེ་འབྱེད་ཁ་ཕྱོགས་གཙོ་བོར་བྱས་ནས་བཅར་འདྲི་དང་ལེན་ཞུ་མཁན་གྱི་གྲངས་འཛིན་བྱེད་སྒོར་ཞུགས་ཚད་ལ་རྟོག་ཞིབ་བྱས་ཏེ་སྙན་ཞུ་བཟོས་ཡོད།
སྙན་ཞུའི་ནང་མངོན་པར། རང་རྒྱལ་གྱི་སྤྱི་དམངས་བཅུ་ཆ་དྲུག་ཡན་ལ་དམའ་རིམ་དང་དེ་ཡན་གྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་ལྡན་པ་དང་། གྲངས་འཛིན་བྱང་ཚད་དེ་རྩལ་ནུས་ཆུ་ཚད་དང་ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་དང་མཐུན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་ཆུ་ཚད་མཉམ་དུ་མཐོ་རུ་ཕྱིན་པ། ལོ་ཚད་མི་འདྲ་བའི་མི་ཚོགས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་འགྲོ་བ། སློབ་གསོ་ཐོབ་ཚད་ནི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་ལ་ཤུགས་རྐྱེན་ཐེབས་པའི་འགག་རྩའི་རྒྱུ་རྐྱེན་ཡིན་པ། རང་རྒྱལ་གྱི་ངལ་རྩོལ་པ་གྲངས་འཛིན་དུས་རབས་ཀྱི་ལས་རིགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་ནུས་པ་རིམ་བཞིན་ཆེ་རུ་འགྲོ་བ། རྒྱལ་ཡོངས་ཀྱི་ལས་ཞུགས་མི་སྣར་དམའ་རིམ་དང་དེ་ཡན་གྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་ཆུ་ཚད་ལྡན་ཚད་67.85%ཟིན་པ་དང་མཐོ་རིམ་ཆུ་ཚད་ལྡན་ཚད་19.75%ཟིན་ཡོད་པ་བཅས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10