འབྲི་ཆུའི་སྟོད་རྒྱུད་ཀྱི་ཐང་ལ་གློག་ཁང་གིས་གཙང་པོ་བཅད་པ།

    མི་དམངས་དྲ་བ།    2021-12-06

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་འབྲི་ཆུའི་སྟོད་རྒྱུད་ཀྱི་སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་དང་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་གི་འབྲེལ་མཚམས་སུ་རླངས་འཁོར་མཐའ་མའི་རྡོ་རྣམས་གཙང་པོར་བྱོས་ནས་ཐང་ལ་གློག་ཁང་གི་སྟོད་རྒྱུད་ཀྱི་ཆུ་སྐེད་ནས་བཅད་པ་ལས། ཐང་ལ་གློག་ཁང་གི་ལས་གྲྭ་གཙོ་བོ་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་མཚོན་གྱི་ཡོད།
   ཐང་ལ་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་200ཟིན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་309བཏང་བ། རགས་ཆེན་གྱི་རགས་མཐོ་ཤོས་ཀྱི་མཐོ་ཚད་སྨི་239ཡིན་པ། ཆུ་ལོག་གཤོང་སྒོའི་ཆུ་འགྲོ་རྐྱང་པ་ནས་ཆུ་ལོག་གཤོང་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ་4500ཟིན་པ། གློག་ཁང་ལ་Sདབྱིབས་ཀྱི་ཆུ་འགྲོ་མཐོ་དམན་གཉིས་བཀོད་སྒྲིག་བྱས་པ་དང་ཆུ་འགྲོ་རྐྱང་པར་རིང་ཚད་སྨི་2209ཟིན་གྱི་ཡོད།
    ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སི་འབྲི་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། ཐང་ལ་གློག་ཁང་གིས་གཙང་ཆུ་སྐེད་ནས་བཅད་པ་ནི་བཤོལ་བ་ལུང་དང་། ཡེར་པ་ཐང་། འབའ་ཐང་བཅས་ཆུ་ཤུགས་གློག་ཁང་གི་ཆུ་བཅད་རྗེས། འབྲི་ཆུའི་སྟོད་རྒྱུད་དུ་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་ཆུ་གསོག་དཔེ་སྟོན་རྟེན་གཞི་ཆེ་གྲས་སྐྲུན་པའི་མཚམས་ཚིགས་གལ་ཆེན་གྱི་དམིགས་ཚད་གཞན་ཞིག་རེད་ཅེས་བརྗོད།
   འབྱུང་འགྱུར་ཐང་ལ་ཆུ་ཤུགས་གློག་ཁང་ནས་གློག་གཏོང་འགོ་ཚུགས་རྗེས་སྔོན་དཔག་བྱས་ན། ལོ་མང་ཆ་སྙོམས་བྱས་ན་ལོར་གློག་འདོན་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་83.7ཟིན་རེ་ཡོད་པ་དེ། ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་245གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་514ཉུང་དུ་བཏང་བ་དང་མཚུངས་ཀྱི་ཡོད། རླུང་ཁམས་ཆེ་མོའི་སྦགས་བཙོག་ཉུང་དུ་དང་དྲོད་ཁང་གི་རླངས་གཟུགས་འབུད་གཏོང་ཚོད་འཛིན་ལ་ནུས་པ་གལ་ཆེན་ཐོན་ནས་སྐྱེ་ཁམས་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་འགྲོ་སྲིད།

  • ལེ་ཚན་སྔོན་མ།:ཆུ་བེད་བོད་སྐྱོར་གྱིས་གངས་ལྗོངས་ས་མཐོར་ལས་དོན་འབོར་ཆེན་བསྒྲུབས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།