རྟགས་དང་རྟེན་འབྲེལ་སོགས་ཀྱི་སྐོར།

        2011-08-30

བོད་ཀྱི་མི་རྣམས་རྟགས་དང་།རྟེན་འབྲེལ།གཟའ་ཚེས།རྨི་ལམ་སོགས་བཟང་ན་དགའ་བ་དང་ངན་ན་རྣམ་རྟོག་ཆེན་པོ་བྱེད།དགའ་བསུ་དང་རྟེན་འབྲེལ་སོགས་ཀྱི་སྐབས་སུ་བསངས་གཏོང་བ་དང་དཀར་ཐིག་འཐེན་པ་སོགས་བྱས་ཡོང་།དར་ལྕོག་འཛུགས་པ་ནི་རླུང་རྟ་དར་བ་དང་ཚེ་བསོད་དབང་ཐང་ཡར་སྐྱེད་ཡོང་རེ་བྱེད་པའི་བོད་མིའི་ཐུན་མོང་མ་ཡིན་པའི་རྟགས་མཚན་ཞིག་རེད།ཚེས་དགུ་དང་།བཅུ་དགུ།ཉི་ཤུ་དགུ།རེས་གཟའ་ཉི་མ་བཅས་འཁེལ་བའི་ཉིན་མི་ཤི་ན་ཉི་ཤུ་རྩ་དགུ་འཁྲིད་ཅེས་ཁྱིམ་ཚང་དེའི་རྗེས་འཇུག་ལ་ངན་པས་ཐབས་དང་གཏོ་བཅོས་རྒྱ་ཆེན་པོ་བྱེད།ཡང་ཕུང་པོ་འགྲོ་སྐབས་ཁ་བ་བབས་ན་དུར་ལམ་ཁ་བས་བཀག་པ་ཞེས་ཁྱིམ་དེར་མི་ཤི་མང་པོ་མི་ཡོང་ཟེར།འོན་ཀྱང་དེང་དུས་ལོ་གཞོན་ཕལ་ཆེ་བས་བླ་ལྷར་བརྟག་ལུང་བརྟག་དང་།རྩིས་འབྲས་སོགས་གང་ལ་ཡང་མ་བསྟུན་པར་ཆང་ས་རྒྱག་མཁན་ཡང་མང་པོ་ཡོད།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ། )
  • ལེ་ཚན་སྔོན་མ།:བོད་ཀྱི་ཚེ་ཐར་གཏོང་ཚུལ།
  • ལེ་ཚན་རྗེས་མ།:གུས་ཞབས་དང་འབྲེལ་བའི་འཛེམ་བྱ།