བོད་ཀྱི་དྲ་བ། 2011-12-26
གནས་རི་འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་དེ། ཞིང་ཆེན་འདིའི་ཁོངས་ཀྱི་རི་བོ་ཆེས་མཐོ་ཤོས་ཡིན་ལ། སྲིད་པ་ཆགས་པའི་ལྷ་དགུ་དང་རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་གྲས་ཡིན། ངག་རྒྱུན་དུ་རོང་བཙན་ཁ་བ་དཀར་པོ་དང་དེའི་ཉེ་འགྲམ་གྱི་རི་རྩེ་ཞིག་ནི་ཕན་ཚུན་ལ་བརྩེ་འདང་ཆེ་བའི་བཟའ་ཟླ་ཡིན་པས། ན་གཞོན་ཕོ་མོ་ཟུང་དེར་གནས་མཇལ་དུ་སོང་ན་བརྩེ་སེམས་ལ་འགྱུར་བ་མེད་པར་བཤད། གནས་འདི་ལ་ལྗོངས་རྒྱུ་ལྟ་སྐོར་བྱེད་མཁན་དང་དད་ལྡན་མཇལ་སྐོར་བྱེད་མཁན་ཤིན་ཏུ་མང་།
འདི་ནི་ངག་རྒྱུན་ཁྲོད་ཀྱི་ཤམ་བྷ་ལ་ཡིན། གནས་འདིའི་རི་ཆུ་མཛེས་སྡུག་ལྡན་ལ་རྩྭ་ཐང་ཁོད་ཡངས་བ་དང་། གཡའ་དག་པའི་ནམ་མཁའ་ས་གཞི་དང་འདྲེས་ཡོད་པས་ཁྱེད་རང་རྨི་ལམ་གྱི་ཞིང་ཁམས་ལ་སླེབས་པའི་ཉམས་སྣང་སྟེར་ངེས།
ཆལ་ཆིལ་དུ་འབབ་པའི་གཙང་ཆུ་སྔོན་མོས་གནས་འདི་རུ་གཡུ་འབྲུག་གི་འཁྱུག་འགྲོས་ལྟ་བུའི་གར་སྟབས་བསྒྱུར་རྗེས་ཡང་བསྐྱར་རྒྱང་རིང་གི་ཕྱོགས་སུ་བཞུར་གྱིན་ཡོད་ལ། གནམ་འོག་གི་འབྲི་ཆུའི་ཁུག་སོ་དང་པོ(ཉི་ཟླའི་ཁུག་སོ་ཡང་ཟེར)འདི་ནི་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་ཟི་ཁྲོན་ཞིང་ཆེན་གྱི་སྡེ་རོང་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་ཡོད།
ཡོན་ཡང་རྫོང་གི་ལས་ལ་བརྩོན་པའི་ཧ་ཉི་མི་རིགས་ཀྱིས་གནས་འདིའི་རི་བོ་དག་སྣུམ་ཚོན་གྱི་རི་མོ་ལྟ་བུ་ཞིག་ཏུ་བསྒྱུར་ཡོད་པས། འགྲུལ་བཞུད་པ་མང་པོས་འཁྲེང་སེམས་ཀྱི་ཕྱི་མིག་གནས་འདི་རུ་ལུས་ཡོད།
གསེར་མདོག་གིས་ཕྱུག་པའི་སྐེ་ཚེའི་མེ་ཏོག་ནི་ཟླ་གསུམ་པའི་ཡུལ་འདིའི་རྒྱན་ཆ་ཡིན་ལ། འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ནས་ཁུང་མིན་ནས་ལམ་ལ་ཆས་ན་དུས་ཚོད་བཞི་ལྷག་གིས་ཐོན་ཐུབ་ལ་སྐེ་ཚེའི་མེ་ཏོག་གི་དུས་ཆེན་སྐབས་སུ་ཡུལ་འདིར་འགྲོ་བའི་ཆེད་སྤྱོད་རླངས་འཁོར་ཡང་ཡོད།
ཡུན་ནན་ཏོང་ཁྲོན་རྫོང་གི་ས་གཤིས་ལ་ཁྱད་མཚར་གྱི་ཁྱད་ཆོས་ལྡན་པ་དང་ས་ཆ་མང་ཆེ་བ་དམར་པོ་ཡིན། དེ་བས་དུས་ཚིགས་མི་འདྲ་བ་རེ་རེའི་ནང་དུ་གནས་འདིའི་མཛེས་ལྗོངས་ཀྱི་ཁ་དོག་ཡང་མི་འདྲ་ལ་རང་ཉིད་རི་མོའི་ཁྲོད་བཞུད་པ་ལྟ་བུའི་ཚོར་སྣང་སྟེར་ཐུབ། །
རྩོམ་གསར། 10