ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-21

བོད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ། (སྟོད་ཆ)
    བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་༡༢༢ཡོད་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་གྱི་མཐོ་ཚད་ལ་སྨི་༤༠༠༠ཡན་ཡོད་ཅིང་། གཞན་ན་མེད་པའི་རང་བྱུང་སྐྱེ་དངོས་དང་ས་ཁམས་ཁོར་ཡུག་ཡོད། བོད་ལྗོངས་ཀྱི་གནམ་གཤིས་དེ་ཤར་ལྷོ་ནས་ནུབ་བྱང་བར་རིམ་བཞིན་དྲོ་འཇམ་ཚ་གཤེར་ནས་གྲང་ཞིང་ཐན་པ་ཅན་དུ་འགྱུར་ཡོད་པ་དང་། རང་བྱུང་སྐྱེ་དངོས་དེ་ནགས་ཚལ་དང་། སྡོང་ཐུང་ནགས་ཚལ། སྤང་ཤུན། རྩྭ་ཐང་བཅས་ནས་ས་རྒོད་ཐང་སྟོང་བར་དུ་བརྗེ་རེས་བྱུང་ཡོད། ཪྙོག་འཛིང་ཆེ་བའི་ས་དབྱིབས་དང་ས་ངོས་ཆགས་ཚུལ་དང་དམིགས་བསལ་གྱི་སྐྱེ་དངོས་གནས་ལུགས་མ་ལག་གི་རྣམ་པས་སྐྱེ་དངོས་གྱི་སྣ་མང་ཅན་ལ་རང་བྱུང་གི་དོ་ར་ཞིག་སྐྲུན་ཡོད།
    བོད་ལྗོངས་སྐྱེ་དངོས་གནས་སྟངས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་དེ་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་འགོ་ཚུགས་པ་མ་ཟད། བོད་ལྗོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་བྱུང་ཡོད།
    སྤྱི་ལོ་༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཐོག་མར་མཚོ་བོད་ས་མཐོའི་གསང་བའི་ཡོལ་བ་དེ་ཕྱེ་ཆེད་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་ཡར་ཐོན་དང་འཕེལ་རྒྱས་ལ་སྐུལ་འདེད་བྱ་ཆེད་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་“སྲིད་དོན་སྤྱི་ཁྱབ་ཁང་གི་བོད་ལྗོངས་ལས་དོན་རུ་ཁག་”སྤྱི་ལོ་༡༩༡༨ལོར་དེའི་རྨང་གཞིའི་སྟེང་“ཀྲུང་གོ་ཚན་རིག་ཁང་བོད་ལྗོངས་ཕྱོགས་བསྡུས་རྟོག་ཞིབ་རུ་ཁག་”བཙུགས་)སྒྲིག་འཛུགས་བྱས་ནས་བོད་ལྗོངས་ཀྱི་ས་གླིང་དང་། ནགས་ཚལ། རྩྭ་ར། ཆུ་བེད། གཏེར་ཁའི་ཐོན་ཁུངས་བཅས་ལ་རྟོག་ཞིབ་དང་གདེང་འཇོག་བྱས་པ་དང་། ཚན་རིག་གིས་གསར་སྤེལ་དང་བེད་སྤྱོད་བྱེད་དགོས་པའི་བསམ་འཆར་བཏོན་ཞིང་། དེ་ནས་བཟུང་བོད་ལྗོངས་སྐྱེ་ཁམས་གནས་ལུགས་ཁོར་ཡུག་ལ་ཚན་རིག་གིས་ངོས་འཛིན་དང་། བེད་སྤྱོད། སྲུང་སྐྱོབ་བཅས་བྱེད་པའི་བརྒྱུད་རིམ་དེ་སྒྲུབ་འགོ་ཚུགས།

   ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ།

 ཀྲུང་གོའི་ཚན་རིག་གླིང་གིས་<མཚོ་བོད་ས་མཐོའི་སྤྱི་ལོ་༡༩༧༣- ༡༩༨༠ལོའི་བར་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་འཆར་འགོད་>བཟོས་ཡོད། སྤྱི་ལོ་༡༩༧༢ལོར་ཀྲུང་གོའི་ཚན་རིག་ཁང་གིས་ལན་ཀྲའུ་རུ་“ཇོ་མོ་གླང་མའི་ས་ཁུལ་གྱི་ཚན་རིག་རྟོག་ཞིབ་རིག་གཞུང་དཔྱད་གླེང་གྲོས་ཚོགས་”ཐོག་མར་སྐོང་ཚོགས་བྱས་པ་དང་། དེའི་རྗེས་མཚོ་བོད་ས་མཐོའི་རང་བྱུང་སྐྱེ་དངོས་གནས་ལུགས་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ཕྱོགས་བསྡུས་རང་བཞིན་དང་། ཆེད་དོན་རང་བཞིན་གྱི་རྣམ་གྲངས་མང་པོའི་རིག་གཞུང་ཚོགས་འདུ་ཆད་མེད་དུ་སྐོང་ཚོགས་བྱས་ཡོད་ཅིང་། རིག་གཞུང་གི་གྲུབ་འབྲས་མང་པོ་ཞིག་ཐོན་པ་དང་། <མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རྩལ་རྟོག་ཞིབ་དཔེ་ཚོགས་>གཅིག་པུ་ལའང་ཁག་༣༡དང་དེབ་༤༢ ཧ་ལམ་ཡིག་འབྲུ་ཁྲི་༡༧༠༠ལྷག་ཙམ་ཡོད་པ་རེད། སྤྱི་ལོ་༡༩༧༧ལོར། རྒྱལ་ཁབ་ཞིང་ལས་ནགས་ཚལ་པུའུ་ཡིས་བོད་ལྗོངས་ཧྲིལ་པོར་ཕྱོགས་ཡོངས་ནས་ནགས་ཚལ་གྱི་ཐོན་ཁུངས་ཀྱི་གཙང་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱས། སྤྱི་ལོ༡༩༧༨ལོ་ནས་བཟུང་། ནགས་འཛུགས་སྔོ་ལྗང་ཅན་དུ་བསྒྱུར་བའི་དགོས་མཁོ་དང་འཚམ་པའི་ཆེད་ས་གནས་ཁག་གིས་སྔ་ཕྱིར་སྡོང་ཕྲུག་ར་བ་༥༠ལ་ཉེ་བ་སྐྲུན་པ་དང་། བོད་ལྗོངས་ལ་སྐྱེ་འཚར་བྱེད་པ་འཚམ་པའི་ནགས་འཛུགས་སྔོ་ལྗང་ཅན་དུ་བསྒྱུར་བའི་སྡོང་སོན་ནང་འདྲེན་དང་། འདུལ་གསོ། འདེབས་གསོ་བཅས་བྱས་ཡོད། 
    བསྒྱུར་བཅོས་སྒོ་དབྱེ་ཡིས་བོད་ལྗོངས་ཀྱི་སྐྱེ་ཁམས་གནས་ལུགས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་གཞག་གི་འཕེལ་རྒྱས་དེ་ཁྲིམས་ལུགས་ཅན་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཡོད། སྤྱི་ལོ་༡༩༨༢ལོ་ནས་སྤྱི་ལོ་༡༩༩༤ལོ་བར་གྱི་ལོ་བཅུ་གསུམ་གྱི་རིང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དེ་བཞིན་སྲིད་གཞུང་སྡེ་ཁག་ཁག་བཅས་ཀྱིས་སྐྱེ་དངོས་གནས་ལུགས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྲིད་གཞུང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆ། སྡེ་ཁག་གི་སྒྲིག་སྲོལ་སོགས་བསྡོམས་ནས་ཡིག་ཆ་༣༠ལྷག་ཙམ་ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་། ཅུང་མ་ལག་དང་ལྡན་པའི་ས་གནས་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་མ་ལག་ཞིག་གྲུབ་ཡོད། གཅིག་གྱུར་བརྟག་དཔྱད་བྱས་པ་ལྟར་ན། བོད་ལྗོངས་སུ་ཡོད་པའི་རྩྭ་སའི་རིགས་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས་འགོར་སླེབས་ཀྱི་ཡོད་པ་དང་། རྒྱལ་ཡོངས་ཀྱི་རྩྭ་སའི་རིགས་༡༨ཁྲོད་ལས་བོད་ལྗོངས་ཀྱིས་རྩྭ་སའི་རིགས་༡༧བཟུང་ཡོད་པ་རེད། རྩྭ་ཐང་གི་སྐྱེ་དངོས་གནས་ལུགས་ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་དེ་ནི་མཚོ་བོད་ས་མཐོའི་སྐྱེ་དངོས་གནས་ལུགས་ལས་ཆ་ཚང་ལ་རིམ་པ་ཡོད་པའི་མུ་གལ་ཆེ་ཤོས་ཤིག་ཡིན།
     མི་ཕྱུགས་དང་རྩྭ་ཕྱུགས་བར་གྱི་འགལ་ཟླ་ཐག་གཅོད་ལེགས་པོ་ཡོང་ཆེད། བོད་ལྗོངས་ཀྱིས་བྱ་ཐབས་རབ་དང་རིམ་པ་སྤེལ་བ་དང་། རང་བྱུང་རྩྭ་སའི་ལུགས་མཐུན་བེད་སྤྱོད་དང་སྐྱེ་དངོས་གནས་ལུགས་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ཡོད། སྤྱི་ལོ་༢༠༠༡ལོ་ནས་བཟུང་བོད་ལྗོངས་སུ་འབྲོག་ཁུལ་རྩྭ་ཐང་གི་འཛུགས་སྐྲུན་དང་། འབྲོག་པ་མང་ཚོགས་རྣམས་བཅའ་སྡོད་ཀྱི་ལས་གྲྭ་དེ་བཞིན་རང་བྱུང་རྩྭ་ཐང་གི་སླར་གསོ་དང་འཛུགས་སྐྲུན་རྣམ་གྲངས་བཅས་ལག་བསྟར་བྱེད་འགོ་ཚུགས་ཡོད། བྱ་ཐབས་དེ་དག་གིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་དང་འཚོ་བའི་ཆུ་ཚད་ཀྱི་གོམ་སྟབས་བརྟན་པོའི་འཕེལ་རྒྱས་འགན་ལེན་བྱས་ཡོད་ལ། རྩྭ་ཐང་སྐྱེ་དངོས་གནས་ལུགས་ཀྱི་ལེགས་ཕྱོགས་འཕེལ་རྒྱས་ཀྱང་ཁག་ཐེག་བྱས་ཡོད། བོད་ལྗོངས་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་༧༡༧ཡོད་པ་དང་། ཤིང་མ་བཅད་པའི་གསོག་ཚད་ལྷམ་པ་གྲུ་བཞི་མ་དུང་ཕྱུར་༢༠.༩༡ཡིན་ཞིང་། དེ་ནི་ཀྲུང་གོའི་གདོད་མའི་ནགས་ཚལ་ཉར་ཚགས་བས་པ་ཆེ་ཤོས་ཤིག་ཡིན། བོད་ལྗོངས་ཀྱི་སྐྱེ་དངོས་གནས་ལུགས་ལ་སྲུང་སྐྱོབ་བ་ཆེད་སྤྱིད་གཞུང་གིས་ལོ་ཚད་གཞིར་བཟུང་ཤིང་གཅོད་བྲེག་བྱེད་རྒྱུ་ལག་བསྟར་བས་ནས་ནགས་གཅོད་བྱེད་པའི་གཞི་ཁྱོན་ལ་ཚད་བཀག་ནན་པོ་བས་ཡོད་ཅིང་། ལོ་རེའི་ཚོང་ཟོག་རང་བཞིན་གྱི་ཤིང་གཅོད་ཚད་དེ་ལྷམ་པ་གྲུ་བཞི་མ་ཁྲི༡༥ཡི་ནང་ཚད་བཀག་བྱས་ཡོད། དེ་དང་མཉམ་དུ་ཤིང་གཅོད་བྱེད་ས་དུས་ཐོག་ཏུ་བརྗེ་པོ་བརྒྱབ་ནས་ནགས་ཚལ་གྱི་རྩི་ཤིང་ཁྱབ་པར་སྐྱེས་པའི་ས་ངོས་སླར་གསོ་ཡོང་བྱ་བས་ཡོད། སྤྱི་ལོ་༢༠༠༢ལོར་ལག་བསྟར་བྱས་ཟིན་པའི་ཞིང་དོར་ནགས་ཚལ་འདེབས་ཚད་དེ་སྤྱི་ཆིངས་ཁྲི་༠.༦༧དང་། ནགས་འཛུགས་པར་འཚམ་པའི་ས་ཐེར་རི་ཐེར་ལ་ནགས་འདེབས་བྱས་ཚད་སྤྱི་ཆིངས་ཁྲི་༠.༦༧ཟིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལོ་ལྔ་བཅུ་ལྷག་ཙམ་རིང་། བོད་ལྗོངས་སུ་མིས་བཟོས་ནགས་ཚལ་སྤྱི་ཆིངས་ཁྲི་༧ལྷག་ཙམ་ཡོད་པ་དང་། “འགྲམ་བཞི་”(གྲོང་ཚོའི་འགྲམ) ཁང་འགྲམ) ལམ་འགྲམ) ཆུ་འགྲམ་)ལ་ཤིང་སོན་ཁྲི་༩༠༠༠ལྷག་ཙམ་བཏབ་ཡོད་པ་དང་། དཔལ་འབྱོར་ནགས་ཚལ་གྱི་ཤིང་སོན་ཁྲི༡༥༠ལྷག་ཙམ་བཏབ་ཡོད་པ་རེད། སྤྱི་ལོ་༡༩༩༦ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་བོད་ལྗོངས་སུ་འབྲི་ཆུའི་སྟོད་དབུས་རྒྱུད་ཀྱི་སྲུང་སྐྱོབ་ནགས་ཚལ་མ་ལག་གི་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་པ་དང་། སྤྱི་ལོ་༢༠༠༠ལོ་བར་བསྡོམས་མ་དངུལ་སྒོར་ཁྲི་༣༧༡༡ལྷག་ཙམ་བཏང་ཡོད་ཅིང་། བོད་ལྗོངས་ས་གནས་སུ་ས་གནས་དང་བསྟུན་ནས་མིས་ནགས་ཚལ་བཟོ་བ་དང་། རི་བཀག་ནགས་གསོ་བྱེད་པའི་ལས་པ་སྤེལ་བར་རྒྱབ་སྐྱོར་གང་ལེགས་བྱས་པ་དང་། བསྡོམས་ནགས་བཟོ་བྱས་པའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་༡.༣ཡོད་ཅིང་། ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་བ་རྒྱུར་ཕན་ནུས་ཆེན་པོ་ཐོན་ཡོད། “གཙང་པོ་གཅིག་དང་ཆུ་བོ་གཉིས་”ལ་གཏོགས་པའི་ཞིང་ལས་གསར་སྤེལ་གྱི་གལ་ཆེའི་རྣམ་གྲངས་ཡར་ཀླུང་གཙང་པོའི་སྲུང་སྐྱོབ་ནགས་ཚལ་མ་ལག་གི་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་པའི་རྗེས་སྟོད་རྒྱུད་ཀྱི་གཞིས་ཀ་རྩེ་ནས་རྩེད་ཐང་བར་གྱི་སྤྱི་ལེ་བརྒྱ་ཕྲག་འགར་མིས་བཏབ་པའི་ནགས་ཚལ་གྱི་ཁུལ་ཞིག་ཆགས་ཡོད་པ་དང་། དེས་ཡར་ཀླུང་གཙང་པོའི་ས་ཆུ་སྲུང་འཛིན་ལ་ནུས་པ་གང་ལེགས་ཐོན་ཡོད།
    བོད་ལྗོངས་རང་བྱུང་ནགས་ཚལ་ཐོན་ཁུངས་གྱི་ནུས་ལྡན་སྲུང་སྐྱོབ་དང་ཤིང་འདེབས་ནགས་གསོ་བརྒྱུད། བོད་ལྗོངས་ཀྱི་ནགས་ཚལ་གྱི་ཁེབས་རྒྱ་དེ་མུ་མཐུད་ནས་གོང་མཐོར་འགྲོ་བཞིན་ཡོང་པ་དང་། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པར་༡%མི་ལོན་པ་ནས་མིག་སྔར་༥.༩༣%ལ་འཕར་ཡོད་པ་དང་། སྐྱེ་དངོས་གནས་ལུགས་ཁོར་ཡུག་གི་ལེགས་བཅོས་ལ་ཕན་འབྲས་ལེགས་པོ་ཐོན་ཡོད། འབྲེལ་ཡོད་སྡེ་ཁག་གིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། མིས་བཟོས་རྩི་ཤིང་ཁྱབ་པར་སྐྱེས་པའི་ས་ངོས་མང་དུ་ཕྱིན་པའི་རྐྱེན་གྱིས་བོད་ལྗོངས་ཀྱི་ཐལ་རླུང་ཅན་གྱི་གནམ་གཤིས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་པ་སྟེ། དཔེར་ན་མིག་སྔར་ལྷ་སར་བྱེ་རླུང་གནམ་གཤིས་དེ་ལོ་ངོ་སུམ་ཅུ་ཡི་སྔོན་ལས་ཉིན་༣༢ཀྱིས་ཉུང་དུ་ཕྱིན་ཡོད་པ་དང་། གཞིས་ཀ་རྩེར་ལོ་སུམ་ཅུ་ཡི་སྔོན་དང་བསྡུར་ན་ཉིན་༣༤ཡིས་ཉུང་དུ་ཕྱིན་ཡོད་ཅིང་། རྩེད་ཐང་ལ་ལོ་སུམ་ཅུ་ཡི་སྔོན་དང་བསྡུར་ན་ཉིན་༣༢གྱིས་ཉུང་དུ་ཕྱིན་ཡོད་པ་ལྟ་བུ་ཡིན་ནོ།། ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྤྱི་ལོ་༢༠༠༡ལོའི་ལོ་མཇུག་བར་དུ། རྒྱལ་ཁབ་ཀྱིས་བོད་ལྗོངས་ལ་མ་དངུལ་སྒོར་ཁྲི་༣༦༨༠ལྷག་བཏང་ཡོད་པ་དང་། ས་ཆུ་སྲུང་སྐྱོང་ནགས་སྤྱི་ཆིངས་ཁྲི་༥.༣དང་། རྩྭ་སྤྱི་ཆིངས་ཁྲི་༦.༧བཏང་ཡོད་ཅིང་། ས་ཆུ་ཤོར་བ་བཅོས་སྐྱོང་བྱས་པའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་༡༡༦༦ཟིན་ཡོད་པ་མ་ཟད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ར་སྟོད་གཞུང་གི་རྒྱུག་ཁུལ་ཆུང་བའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ལས་འགོ་བཙུགས་པ་དང་། རྒྱལ་རྩེ་དང་། སྙེ་མོ་སོགས་པའི་རྫོང་གི་ས་ཆུ་རྒྱུན་འཛིན་གྱི་ཕྱོགས་བསྡུས་ལེགས་བཅོས་ལས་དོན་སྤེལ་འགོ་ཚུགས་ཡོད། སྤྱི་ལོ་༢༠༠༠༡ལོར་བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ཀྱིས་ཐད་ཀར་མ་དངུལ་བཏང་ནས་སྐྱེ་ཁམས་གནས་ལུགས་ཁོར་ཡུག ཨ་ལེགས་བཅོས་བྱ་རྒྱུས་བརྗོད་བྱ་གཙོ་བོ་བྱས་པའི་“གཙང་པོ་གཅིག་དང་ཆུ་བོ་གཉིས་”(ཡར་ཀླུང་གཙངས་པོ་དང་) ལྷ་སའི་སྐྱིད་ཆུ) མྱང་ཆུ་)ཁུལ་གྱིཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་ལས་གྲྭའི་རྣམ་གྲངས་ཞིག་སྐྲུན་པར་སྐྱེ་དངོས་གནས་ལུགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད། སྲིད་གཞུང་གིས་ཆེད་མངགས་རི་རྒོད་ཐང་སྟོང་དུ་ཤིང་དང་རྩྭ་འདེབས་པ་རྣམས་ལ་“སུས་གསར་སྤེལ་བྱས་ན། དེས་གཉེར་སྐྱོང་བྱ་རྒྱུ་དང་། དེ་ལ་ཁེ་ཕན་ཡོད་པ། ཡུན་རིང་མི་བསྟར་བྱས་པ་དང་། མི་དམངས་མང་ཚོགས་རྣམས་ལ་ཤིང་འདེབས་ནགས་གསོ་དང་རྩྭ་འདེབས་རྒྱུའི་སྐུལ་སློང་བྱས་ཡོད་ཅིང་། མི་དམངས་མང་ཚོགས་ རྣམས་སྐྱེ་དངོས་གནས་ལུགས་ལེགས་བཅོས་བྱེད་པའི་ཐད་ཡོད་དགོས་དེས་ཀྱི་དབང་ཆ་དང་ཁེ་ཕན་འགན་ལེན་བྱས་ཡོད། བོད་ལྗོངས་ཀྱིས་སའི་ཐོན་ཁུངས་དང་། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས། སྐྱེ་དངོས་ཀྱི་ཐོན་ཁུངས། སྲིན་འབུའི་ཐོན་ཁུངས། བཞའ་ཚན་ཆེ་བའི་སའི་ཐོན་ཁུངས་སོགས་པའི་སྐྱེ་དངོས་གནས་ལུགས་ཁོར་ཡུག་གི་ད་ལྟའི་གནས་བབ་ལ་རྟོག་ཞིབ་བྱ་རྒྱུ་བཅས་སྔ་ཕྱིར་སྤེལ་བ་མ་ཟད་ལེགས་འགྲུབ་བྱུང་ཡོད། སྐྱེ་དངོས་གནས་ལུགས་ཁོར་ཡུག་གི་ཚན་རིག་ཞིབ་འཇུག་གིས་མིའི་རིགས་ཀྱི་ལས་འགུལ་ཀྱིས་སྐྱེ་དངོས་གནས་ལུགས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ལ་ལྟ་ཞིབ་ཚད་ལེན་དང་རྗེས་སྙེག་བྱས་ཡོད་ཅིང་། བོད་ལྗོངས་ཀྱི་“གཙང་པོ་གཅིག་དང་ཆུ་བོ་གཉིས་”རྒྱུག་ཁུལ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་སྐྱེ་དངོས་གནས་ལུགས་ཁོར་ཡུག་གི་རྒྱང་གི་ཚོར་སྣང་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་། བོད་ལྗོངས་འབྲུ་རིགས་ནང་སྐྱེ་ལྡན་ཁིལ་གྱི་དུག་རོའི་འབག་བཙོག་གི་ཡོངས་ཁྱབ་ཞིབ་བཤེར། བཟོ་ལས་འབག་བཙོག་འབྱུང་སའི་རྟོག་ཞིབ་ལ་སོགས་པ་ལྟ་བུའི་ཐད་ལས་དོན་མང་པོ་སྤེལ་ཡོད་པ་མ་ཟད། འབག་བཙོག་སྔོན་འགོག་གི་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་བཏོན་ཡོད་པ་རེད། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱིས་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པ་ནས་བཟུང་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོབ་མ་ལག་གིས་བོད་ལྗོངས་ཁོར་ཡུག་སྲུང་སྐྱོབ་ནུས་ཤུགས་ཀྱི་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། གཞིས་ཀ་རྩེ་གྲོང་ཁྱེར། ཆབ་མདོ་ས་ཁུལ་བཅས་ལ་རོགས་བྱས་ནས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་པ་དང་། ཁོར་ཡུག་སྲུང་སྐྱོབ་ལག་རྩལ་དང་། དོ་དམ་མི་སྣ་མང་པོ་ཞིག་གསོ་སྦྱོང་བྱེད་རིགས་བྱས་ཡོད་ཅིང་། སྐྱེ་དངོས་གནས་ལུགས་སྲུང་སྐྱོབ་དང་འབག་བཙོག་བཅོས་སྐྱོང་གི་འཆར་འགོད་བཟོ་འགོད་བ་རྒྱུར་རོགས་པ་ཡང་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལོ༡༩༩༨ལོ་དང་སྤྱི་ལོ་༢༠༠༠ལོར་གཏན་འབེབས་བྱས་པའི་<རྒྱལ་ཡོངས་སྐྱེ་དངོས་གནས་ལུགས་འཛུགས་སྐྲུན་གྱི་འཆར་འགོད>དང<རྒྱལ་ཡོངས་སྐྱེ་དངོས་གནས་ལུགས་སྲུང་སྐྱོབ་ཀྱི་རྩ་གནད་>ཀྱིས་བོད་ལྗོངས་ཀྱི་སྐྱེ་དངོས་གནས་ལུགས་དང་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། མཚོ་བོད་ས་མཐོ་དེ་འཁྱགས་བཞུར་ཁུལ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་གནས་ལུགས་འཛུགས་སྐྲུན་ཁུལ་ཆེ་གྲས་བརྒྱད་ཡིན་པའི་ངོས་ནས་ཆེད་མངགས་ཀྱི་འཆར་འགོད་བས་པ་དང་། ཁ་གསལ་གྱི་འཛུགས་སྐྲུན་ལས་འགན་དང་འཛུགས་སྐྲུན་རྩ་དོན་བཏོན་ཡོད། རྒྱལ་ཁབ་ཀྱིས་བོད་ལྗོངས་སྐྱེ་དངོས་གནས་ལུགས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་གྱི་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བ་དང་། སྐྱེ་དངོས་གནས་ལུགས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་བྱས་ཡོད། བསྡོམས་རྩིས་བྱས་པ་ལས་ར་སྤྲོད་བྱུང་བར། སྤྱི་ལོ་༡༩༩༦ལོ་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་སྐྱེ་དངོས་གནས་ལུགས་འཛུགས་སྐྲུན་གྱི་རྣམ་གྲངས་གཅིག་པུའི་ཐད་ལ་སྒོར་དུང་ཕྱུར་༣.༦༨བཏང་ཡོད་པ་རེད། དེ་དང་མཉམ་དུ་རང་བྱུང་ནགས་ཚལ་ཐོན་ཁུངས་ཀྱི་སྲུང་སྐྱོབ་ལས་གྲྭ་དང་། ཞིང་དོར་ནགས་ཚལ་དང་རྩྭ་ར་སྐྱོང་བའི་ལས་གྲྭ། ལྷ་ས་གྲོང་ཁྱེར་དང་ཉེ་འགྲམ་ས་ཁུལ་གྱི་ནགས་འཛུགས་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་ལས་གྲྭ། རི་སྐྱེས་སྐྱེ་དངོས་སྲོག་ཆགས་སྲུང་སྐྱོབ་དང་དེ་བཞིན་རང་བྱུང་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་ལས་གྲྭ་ལ་སོགས་པའི་སྐྱེ་དངོས་གནས་ལུགས་ཀྱི་ལས་གྲྭའི་རྣམ་གྲངས་མང་པོ་ཞིག་སྔ་ཕྱིར་ལག་སྟར་བྱས་པ་དང་། བོད་ལྗོངས་ཀྱི་སྐྱེ་དངོས་གནས་ལུགས་ཁོར་ཡུག་ལ་ནུས་ལྡན་གྱིས་ལེགས་བཅོས་བྱུང་ཡོད། འབྲེལ་ཡོད་སྡེ་ཁག་གིས་སྤྱི་ལོ་༢༠༠༠ལོར་ཁྱབ་བསྒྲགས་བྱས་པའི་སྐྱེ་དངོས་གནས་ལུགས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས་ལྟར་ན། བོད་ལྗོངས་ཀྱི་ཁོར་ཡུག་སྦུས་ཚད་དེ་ཅུང་ལེགས་པའི་རྣམ་པ་རྒྱུན་འཛིན་བྱས་ཡོད་པ་དང་། མང་ཆེ་བ་གདོན་སྐྱེས་ཀྱི་གནས་སྐབས་སུ་གནས་ཡོད་ཅིང་། དེ་ནི་འཛམ་གླིང་རང་བྱུང་ཁོར་ཡུག་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན། དུས་རབས་ཕྱེད་ལྷག་ཙམ་གྱི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་དངོས་གནས་ལུགས་འཛུགས་སྐྲུན་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ཐད་ལ་འབད་བརྩོན་གང་ལེགས་བྱས་ཡོད་པ་དང་། མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད། བོད་ལྗོངས་ནི་ཀྲུང་གོའི་འབྲོག་ར་ཆེན་པོ་ལྔའི་གྲས་ཤིག་ཡིན་པ་དང་། རང་བྱུང་གི་རྩྭ་ར་སྤྱི་ཆིངས་ཁྲི་༨༢༠༧ཡོད་པ་དེས་ཧ་ལམ་རྒྱལ་ཡོངས་ཀྱི་རང་བྱུང་རྩྭ་རའི་རྒྱ་ཁྱོན་གྱི་༢༡%བཟུང་ཡོང་པ་དང་། བོད་ལྗོངས་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ་༦༨.༡༡%བཟུང་ཡོད། རྒྱལ་ཡོངས་སུ་ཐོག་མར་རྩྭ་རའི་ཐོན་ཁུངས་ཀྱིས་མ་དངུལ་སྒོར་ཁྲི་༦༠༠༠ལྷག་ཙམ་བཏང་ནས་ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་དྲ་བ་འཛུགས་སྐྲུན་བྱས་པ་དང་། ལྗོངས་ཡོངས་ཀྱི་ས་ཆུ་ཤོར་བར་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་བྱས་ཡོད། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། བོད་ལྗོངས་ནི་འཛམ་གླིང་ཐོག་སྐྱེ་དངོས་སྣ་མང་རང་བཞིན་ཆེས་དཔེ་མཚོན་ཅན་གྱིས་ཁུལ་གྲས་ཤིག་ཡིན་པ་དང་། དེ་ནི་སའི་གོ་ལའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གལ་ཆེའི་གཞི་རྒྱུའི་ཁང་ཞིག་ཡིན། མིག་སྔར་བོད་ལྗོངས་ལ་རི་སྐྱེས་རྩི་ཤིང༩༦༠༠ལྷག་ཙམ་ཡོད་པ་ལས་<ཉེན་ཁར་བཅར་བའི་རི་སྐྱེས་རྩི་ཤིང་སྲོག་ཆགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས་>(CITES)དང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་རྩ་ཆེ་དང་། ཉེན་ཁར་བཅར་བའི་རྩི་ཤིང་ནང་ཚུད་པ་རིགས་༣༩ཡོད། བོད་ལྗོངས་ལ་ད་ཆ་སྒལ་རུས་ཡོད་པའི་སྲོག་ཆགས་༧༩༨དང་། སྲིན་འབུའི་རིགས་༤༠༠༠ རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཁོངས་སུ་གཏོགས་པའི་རི་སྐྱེས་སྲོག་ཆགས་༡༢༥ཡོད་པ་དེས་རྒྱལ་ཡོངས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རྩ་ཆེའི་སྲོག་ཆགས་ཀྱི་སུམ་ཆ་གཅིག་ཡན་ཟིན་གྱི་ཡོད། ཧ་ལམ་རིགས་༦༠༠ལྷག་ཙམ་གྱི་མཐོ་རིམ་རྩི་ཤིང་དང་། སྐམ་སར་གོག་བགྲོད་བྱེད་པའི་སྒལ་ཚིགས་ཡོད་པའི་སྲོག་ཆགས་༢༠༠ལྷག་ཙམ་ནི་མཚོ་བོད་ས་མཐོར་དམིགས་སུ་ཡོད་པ་ཞེ་ཅིག་ཡིན། ལོ་ངོ་ལྔ་བཅུ་ལྷག་ཙམ་རིང་། བོད་ལྗོངས་ཀྱི་དངོས་རིགས་གང་འདྲ་ཞིག་ཀྱང་རྩ་མེད་དུ་ཕྱིན་མེད་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ནུས་ལྡན་གྱི་སྲུང་སྐྱོབ་ཐོབ་ཡོད་ཅིང་། སྐྱེ་དངོས་ཀྱི་རིགས་ཀྱང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད། རྒྱལ་སྤྱིའི་སྲོག་ཆགས་ཞིབ་འཇུག་ལས་རིགས་ཀྱིས་དུས་རབས་ཉི་ཤུ་པའི་རྒྱུད་རབས་ཆད་པར་ངོས་འཛིན་པའི་བོད་ལྗོངས་ཀྱི་ཤྭ་བ་སེར་ཆེན་དེ་དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་སླར་ཡང་མཐོང་རྒྱུ་བྱུང་བ་མ་ཟད། མུ་མཐུད་ནས་མང་དུ་འགྲོ་བཞིན་ཡོད་པ་རེད། བོད་ལྗོངས་ཀྱིས་རྒྱུན་ཆད་མེད་པར་སྒོ་དབྱེ་བྱེད་ཤུགས་རྒྱ་ཆེ་རུ་གཏོང་བ་དང་བསྟུན་ནས་སྔོན་མེད་པའི་དངོས་རིག་ཏེ། དཔེར་ན་ཉས་གཙོས་པའི་ཆུར་གནས་སྲོག་ཆགས་སྣ་ཚོགས་དང་། མཐོ་རིམ་གྱི་ཐོན་རྫས་དང་། སྤུས་ཀ་ལེགས་པའི་བ་ལུག་ཕག་སོགས་པའི་ཁྱིམ་གསོས་སྲོག་ཆགས། མ་རྨོས་ལོ་ཏོག་ཀྱིས་གཙོས་པའི་སྔོ་ཚལ་དང་ཞིང་ལས་ཐོན་རྫས་མང་པོ་ཞིག་ནང་ས་ནས་བོད་ལྗོངས་སུ་ནང་འདྲེན་བྱས་པ་མ་ཟད་བོད་ལྗོངས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རང་བྱུང་སྲུང་སྐྱོབ་ཁུལ་སྐྲུན་རྒྱུ་ནི་བོད་ལྗོངས་ཀྱིས་སྐྱེ་དངོས་གནས་ལུགས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ། རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཕྱོགས་ལག་བསྟར་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། བོད་ལྗོངས་ཀྱིས་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ཁུལ༧༠ལྷག་ཙམ་སྔ་ཕྱིར་སྐྲུན་པ་དང་། དེ་དག་ཁྲོད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་༣(བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཁག་བཞི་གསར་དུ་སྐྲུན་རྩིས་ཡོད་པ་དང་) ལྗོངས་རིམ་པའི་(ཞིང་ཆེན་རིམ་པ)རང་བྱུང་སྲུང་སྐྱོབ་ཁུལ་༡༥ཡོད། རང་བྱུང་སྲུང་སྐྱོབ་ཁུལ་༡༨དེ་དག་གི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་༤༠.༡ཡོད་པ་དང་། ལྗོངས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་༣༣.༤%བཟུང་ཡོད་པ་དང་། རྒྱལ་ཡོངས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་༣༠.༨%ཟིན་ཡོད་པ་རེད། དེ་མིན་ས་གནས་ཁག་(གྲོང་ཁྱེར་)གིས་ད་དུང་ས་ཁུལ་གྲོང་ཁྱེར་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཁག་༥༠ལྷག་ཙམ་སྐྲུན་ཡོད་པ་དང་། རྩ་བའི་ཆ་ནས་ཅུང་འཐུས་སྒོ་ཚང་བའི་རྣམ་པ་ཞིག་གྲུབ་ཡོད་པ་དང་། ཅུང་ལུགས་མཐུན་གྱི་རང་བྱུང་སྲུང་སྐྱོབ་དྲ་བ་ཁ་བཀྲམ་ནས་གནས་ཡོད་པ་རེད། རྒྱལ་ཁབ་ཀྱི་སྤྱིའི་འཆར་འགོད་དང་རེ་བ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་<བོད་རང་སྐྱོང་ལྗོངས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཕེལ་རྒྱས་འཆར་འགོད་(༡༩༩༦-༢༠༡༠)>ལག་བསྟར་བས་པ་དང་། སྔོན་རྩིས་ལྟར་ན་སྤྱི་ལོ་༢༠༡༠ལོའི་སྔོན་དུ་བོད་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་༢༨སྐྲུན་རྒྱུ་ཡིན་པ་དང་། དེ་དུས་རྒྱ་མཚོ་དང་མཚོ་འགྲམ་གྱི་སྐྱེ་དངོས་གནས་ལུགས་རྣམ་པ་ཕུད་པའི་རང་བྱུང་སྲུང་སྐྱོབ་ཁུལ་རྣམས་བོད་ལྗོངས་ས་ཁོངས་སུ་མཐོང་རྒྱུ་ཡོད་པ་རེད། བོད་ལྗོངས་ལ་ཡོད་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་༡༢༥དང་། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་རྩི་ཤིང་རིགས་༣༩ དེ་བཞིན་དཔེར་འོས་ཀྱིས་གཤིས་གནའ་ཤུལ་རྣམས་སྐྲུན་ཟིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་དུ་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད། བོད་རང་སྐྱོང་ལྗོངས་ལ་ཡོད་པའི་བཞའ་ཚན་ཆེ་བའི་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་༦༠༠ཡོད་པ་དེས་ལྗོངས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི༤.༩%ཟིན་ནས་ཀྲུང་གོའི་ཨང་དང་པོར་སླེབས་ཡོད་པ་དང་། དེའི་རི་མཐོའི་བཞའ་ཚན་ཆེ་བའི་ས་ཆ་ནི་འཛམ་གླིང་ཐོག་ས་ཆ་གཞན་ན་མཐོང་རྒྱུ་མེད་པ་ཞིག་ཡིན་ནོ།།
  • ལེ་ཚན་སྔོན་མ།:རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།