ལྷ་སའི་སྟོད་གཞས།

        2010-05-14

སྟོད་གཞས་དང་ནང་མ་ཞེས་པ་དེ་གཉིས་ཀྱི་འབྱུང་སྟངས་སྐོར་ལ་མཁས་པ་རྣམས་ཀྱིས་ད་ཕན་བཞེད་པ་སྣ་ཚོགས་ཀྱི་སྐོར་ནས་དཔྱད་བརྗོད་མང་པོ་གནང་ཡོད་པས་མང་ཆེ་བས་གཟིགས་ཚུལ་ལ་མཐུན་པ་ལྟར་ཡོད་པས་ཞིབ་ཕྲ་ཞུ་མ་དགོས་པ་བྱས།  འོན་ཀྱང་སྟོད་གཞས་དེ་སྔ་ཚད་ཅིག་ནས་མངའ་རིས་ཁུལ་དུ་དར་ཁྱབ་ཆེས་ཆེ་བ་ཞིག་བྱུང་རྗེས་གཙང་ཕྱོགས་བརྒྱུད་ལྷ་སར་ཁྱབ་གདལ་དུ་ཕྱིན་པ་ཞིག་ཡིན་པ་དང་།  དེ་ཡང་ལྷ་སར་བས་རྗེས་ཡུལ་བབ་དང་སྐད་གཤིས་ཐོག་ལ་འགྱུར་བ་ཆེན་པོ་བྱུང་བ་དང་ཆབས་ཅིག་དབྱངས་གཤིས་ཐོག་ལ་འགྱུར་བ་ཆེན་པོ་བྱུང་བ་དང་ཆབས་ཅིག་དབྱངས་གཤིས་ཐོག་ནས་གཙེར་ཞིང་མདུད་པ་མངའ་རིས་པའི་གཏོང་སྲོལ་ནས་ལྡེངས་ཤིང་འགྱུར་བ་དབུས་པའི་གཏོང་སྲོལ་ཞིག་ལ་འགྱུར་བ་མ་ཟད།   ལྷ་སར་སྟོད་གཞས་ཀྱི་ཁྱབ་ཁོངས་སུ་བཞག་པའི་གསར་རྩོམ་ཀྱང་མང་པོ་ཞིག་བྱུང་བ་ཞིག་ཡིན་སྟབས་ལྷ་སའི་སྟོད་གཞས་ཞེས་པའི་མིང་དེ་ཐོགས་པ་ཡིན།  ལྷ་སར་གསར་རྩོམ་བྱས་པའི་སྟོད་གཞས་ཁོངས་སྟོད་གཞས་གཅིག་མཚུངས་ལྟར་གཏོང་སྲོལ་ཁག་གཉིས་ཡོད་པ་ནི་གཅིག་ལ་རྒྱང་གཞས་དང་།  འཁྱུག་གཞས་ཞེས་དལ་གཞས་དང་།  ཞབས་བྲོ་ཟུར་དུ་རྒྱག་སྲོལ་ཞིག་དང་ཅིག་ཤོས་དེར་འཁྱུག་གཞས་ཞབས་བྲོ་ལས་དལ་གཞས་མེད།  ལྷ་སར་གསར་རྩོམ་བྱས་པ་དེ་དག་ཀྱང་གོང་དང་འདྲ་བ་ཡིན།
  • ལེ་ཚན་སྔོན་མ།:སྤྲོ་གླུ།
  • ལེ་ཚན་རྗེས་མ།:སྒྲ་སྙན་བྱུང་ཚུལ་བརྗོད་པ།