བོད་ཀྱི་ཡི་གེ་དང་ཡི་གེའི་གཟུགས་བྱུང་བའི་གོ་རིམ་མདོར་ཙམ་བརྗོད་པ།

སྡེ་དགེ་དཔལ་བསྡུས་ཀྱིས།        2010-09-03

མི་སོ་སོའི་ལྟ་བ་དང་བསམ་ཚུལ་མི་འདྲ་བས་བོད་ལ་སྲོང་བཙན་ཡར་སྔོན་དུ་ཡི་གེ་ཡོད་མེད་ཀྱི་དགོངས་ཆར་སྣ་ཚོགས་སུ་སྣང་རུང་དོན་ལ་བོད་མིའི་མཆེད་ཁུངས་དང་བོད་མི་གནས་ཡུལ་གང་དང་གང་ལ་དར་རྒྱས་དང་མངའ་དབང་བསྒྱུར་བ་སོགས་ལོ་རྒྱུས་ཁུངས་དག་ལ་ཞིབ་འཇུག་མཛད་དགོས་ལ་ཕྱོགས་ལྷུང་དང་སྡང་ཞེན་ཙམ་གྱིས་བོད་ཀྱི་ཤེས་རིག་ཞིབ་འཇུག་ཡོང་མི་སྲིད།
མིའི་འགྲོ་བ་ཐུན་མོང་གི་ལོ་རྒྱུས་དང་མཐུན་པར་སྤྱི་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན། ཀླད་པའི་ངལ་
རྩོལ་བརྒྱུད་པ་ནས་དུས་རིམ་དང་པོ་ལ་མི་རྣམས་ཕན་ཚུན་བརྡ་ལ་བརྟེན་ནས་སྐད་ཆ་བཤད་ཤེས་པར་བྱུང་བ་དང་། འདྲ་
གཟུགས་ཀྱི་ཡི་གེ་སྣ་ཚོགས་བཟོ་སྐྲུན་བྱས་ནས་ཕན་ཚུན་ཐག་རིང་ན་གནས་པ་ལ་བརྡ་འཕྲིན་ཐུབ་པ་དང་ཐོན་བྱེད་ཀྱི་བྱ་བ་
སྣ་ཚོགས་བརྗེད་བྱང་བཀོད་པ་ཙམ་ལས་འཐུས་སྒོ་ཇེ་ཚང་དུ་སོང་བ་ལད་ཟློས་ཀྱིས་གདོད་མའི་བོན་གྱི་ཤེས་རིག་གི་རྨང་གཞི་
བྱུང་བའི་བདེན་དཔང་ཀོང་ཡུལ་དུ་བདུད་རྗེ་ཁྱབ་པ་ལག་རིང་གི་གཏོ་སྒྲོམ་དུ་ཡོད་པའི་ཡིག་འབྲུ་ཁྲི་དང་འབུམ་མཐར་མེར་
བསྲེགས་པ་ལས་ད་ལྟའི་ཡི་གེའི་རྩ་བ་དཔའ་བོ་འབྲུ་ལྔ་བྱུང་བ་ལས་གསལ་ལོ།
   དུས་རིམ་གཉིས་པ་ཡི་གེའི་བྱེད་པོ་རྟག་ཞི་བ་སྟེ་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་ལྐུག་པ་ཁ་འབྱེད་ཀྱི་
གདམས་པ་སྒྲ་སྦྱོར་གྱི་ཡི་གེ་འཕྲུལ་ཡིག་བཞི་བཅུ་དེ་ཉིད་རྟག་གཟིགས་སྤུངས་ཡིག་གི་གཟུགས་སུ་བསྐྲུན་ནས་ཡིག་ལྷ་འཕྲུལ་བུ་ལྷ་དགའ་གཙོས་གུ་གེ་ཡི་གེའི་རྒྱལ་ཁམས་ཀྱི་ཀོང་ཙེའི་རྒྱལ་བློན་སོགས་ལ་འཕྲུལ་ཡིག་བཞི་བཅུའི་དབང་བསྐུར་པས་དབྱངས་དང་གསལ་བྱེད་གཉིས་སུ་བསྡུས་ཏེ་བོན་དང་རིག་གནས་ཆབ་སྲིད་སོགས་སྔར་ལས་འཕེལ་རྒྱས་ཕུན་སུམ་ཚོགས་པ་བྱུང་ཡོད་པ་དེང་དུས་ཚན་རིག་པ་དང་ས་རྒྱུས་རིག་པ་སོགས་ཀྱིས་ས་འོག་ནས་ཐོན་པའི་རྡོ་ཆས་དང་རུས་ཆས་འགྱུར་རྡོ་སོགས་ཀྱིས་ར་སྤྲོད་ཐུབ་པ་འདིས་རི་བོ་ཧི་མ་ལ་ཡའི་ནང་ངོས་བསིལ་ལྡན་གངས་རི་དཀར་པོའི་ལྗོངས་ལ་དར་རྒྱས་སུ་ཕྱིན་ནས་ལོ་ངོ་བཞི་སྟོང་ལ་ཉེ་བར་སླེབས་པའི་ལོ་རྒྱུས་གསལ་པོར་ཡོད།
   དུས་རིམ་གསུམ་པ་ནི་བོད་ཆེན་པོའི་རྒྱལ་ཁབ་ཡོངས་ལ་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་མཛངས་བློན་སམ་བྷོ་ཊའི
་བཀའ་དྲིན་གྱིས་ད་ལྟའི་ཚན་རིག་དང་མཐུན་ཞིང་མི་རིགས་རང་གི་སྐད་གདངས་ཀྱི་ཡི་གེ་དབུ་མེད་དང་དབུ་ཅན་གྱི་རྩ་བའི་ཡིག་གཟུགས་འདི་དག་ལ་བརྟེན།  སྐད་ཡིག་གཉིས་གཅིག་འགྱུར་བྱས་ནས་ཆོས་དང་རིག་གནས་ཆབ་སྲིད་དཔལ་འབྱོར་
དམག་དོན་སོགས་ཕྱོགས་ཡོངས་ནས་དར་རྒྱས་འགྲན་ཟླ་དང་བྲལ་བ་བྱུང་བ་ནས་ཕྱིས་བྱོན་གྱི་མཁས་པ་བེེ་རོ་ཙ་ན་
དང་སྐ་ཅོག་ཞང་གསུམ་ལྡན་མ་རྩེ་མང་ཚོས་ཡིག་གཟུགས་དར་སྤེལ་བརྒྱ་ཕྲག་བྱུང་ཡོད་པ་མངོན་གསལ་ལྟར་རོ།
  • ལེ་ཚན་སྔོན་མ།:ཡིག་གཟུགས་དར་ཚུལ་བཤད་པ།
  • ལེ་ཚན་རྗེས་མ།: ཡིག་གཟུགས་གསར་གཏོད་པའི་གོ་རིམ།