རྒྱུན་སྤྱོད་བོད་སྨན།

        2010-05-12

ཆིག་ཐུབ་རིལ་བུ།
ཆིག་ཐུབ་རིལ་བུས་ཕོ་སྲིན་གླང་འཐབ་ནད་ལ་ཕན་པས་དེའི་གཏོང་ཐབས་ནི་ཉིན་རེར་ཐེངས་གཅིག་ནས་གཉིས་བར་དང་ཐེངས་རེར་རིལ་བུ་གཅིག་བཏང་ན་འགྲིག
ཤིང་མངར་དྲུག་པ།
དེའི་ཕན་ནུས་ནི་གྱེན་རྒྱུའི་རླུང་འཁྲུགས་ནས་ཟས་ཡང་ཡང་སྐྱུག་པ་དང་བད་ཀན་སྨུག་པོའི་ནད་སོགས་ལ་ཕན་པས་ཉིན་རེར་ཐེངས་གཅིག་ནས་གསུམ་བར་དང་ཐེངས་རེར་རིལ་བུ་བཞི་བཏང་ན་ཆོག
ལི་ཁྱུང་།
བསིལ་དྲོད་སྙོམས།བཟི་ཅུང་ཡོད།དེའི་ཕན་ནུས་ནི་གློ་བརྒྱབ་པ།གྲེ་བ་སྐམ་པ།མིད་པར་གཉན་ཁ་རྒྱས་པ།རྐན་སྦུག་ལ་རྨ་དང་ཐོར་པ་འདོན་པ།སྐད་འགགས་པ་སོགས་ལ་ཕན་པས་གཏོང་ཐབས་ནི་ཉིན་རེར་ཐེངས་གཅིག་དང་ཐེངས་རེར་ལི་ཤི་དྲུག་པ་རིལ་བུ་བཞི་དང་ཁྱུང་ལྔ་རིལ་བུ་གསུམ་མཉམ་དུ་གཏོང་དགོས།
  • ལེ་ཚན་སྔོན་མ།:རྒྱུན་སྤྱོད་བོད་སྨན་ཁག་གཅིག
  • ལེ་ཚན་རྗེས་མ།:ཕོ་བ་ན་བའི་གསོ་ཐབས་སྟབས་བདེ་ཞིག