བདུད་བློན་སྤུན་བདུན།

རྒྱལ་སྲས་ཆོས་དཀའ་ནས་བྲིས།        2010-05-12

༡མངའ་རིས་གསེར་གླིང་གི་བདུན་བློན་སྤུན་ནི།སྟོབས་ལྡན་ཟངས་རལ།༢སྟོབས་ལྡན་རྡོ་རྗེ།༣མི་ནག་མདུང་ཐུང་།༤བཙན་སྐྱ་ཁ་ཤོར།༥སྟག་མགོ་ཟངས་མཆུ།༦མིག་དམར་ཁྲག་རལ།༧ཁ་ལ་མེ་འབར་རྣམས་སོ།།བདུད་བློན་སྤུན་བདུན་རྣམས་འདི་སྐྱེས་བ་སྔོན་མར་བདུད་མོ་སྤུན་བདུན་ཡིན།ཁོ་ཚོས་བསྟན་དང་འགྲོ་ལ་འཚེ་བའི་ངན་སེམས་བསྐྱེད་དེ་སྨོན་ལོག་རེ་རེ་བཏབ་སྐབས།མཁས་པ་མི་བདུན་གྱིས་ཀྱང་ནག་པོའི་བདུད་རྣམས་འདུལ།བའི་ཕྱིར་དུ་སྨོན་ལམ་དཀར་པོ་རེ་རེ་བཏབ་སྟེ།ཤར་ཁྲ་མོ་གླིང་གི་བདུད་བློན་སྤུན་བདུན་བཏལ།ཕྱོགས་དེའི་ནག་པོ་བདུད་ཀྱི་བསྟན་པ་བསྣུབས་ཏེ་དཀར་པོ་ཆོས་ལ་བཀོད་པ་ཡིན་ནོ།།
  • ལེ་ཚན་སྔོན་མ།:མེ་བཟའ་འབུམ་སྐྱིད།
  • ལེ་ཚན་རྗེས་མ།:གླིང་གེ་སར་རྒྱལ་པོ།