སེང་སྟག་ཨ་དོམ།

རོང་ཚ་ཐང་རྙེད་ནས་བྲིས།        2010-05-12

འཛམ་གླིང་སེང་ཆེན་རྒྱལ་པོའི་བཀའ་བློན་ཆེན་པོ་སྟེ་དཔའ་བོ་སེང་སྟག་ཨ་དོམ(དཔའ་ལྷ་མི་སྤྱང་དཀར་པོ།)ནི་དཔའ་ཡང་ཐུལ་དམ་པའི་མི་བདུན་གྱི་ཡ་གྱལ་དང་དར་ཡུལ་སྟོད་ཀྱི་རྗེ་བོ།མཁར་དཀར་མོ་དཀྱོག་སྤྲས་ཀྱི་ནང་བཅུད།ནག་པོ་བདུད་ཀྱི་ཁ་གནོན།སེར་པོ་ཧོར་གྱི་གཉའ་ཤིང་སྟེ་གླིང་གེ་སར་རྒྱལ་པོ་ལ་དད་གུས་ལྡོག་མེད་ཡོད་ཅིང་སྐད་ཅིག་ཙམ་ཡང་ཐེ་ཚོམ་ཤོར་མ་མྱོང་བ།ཉམ་ཆུང་སྐྱོང་བའི་ཕ་མ།བཙན་པོའི་གཉའ་ནས་གནོན་མི།གཞུང་དྲང་ཞིང་རང་འདོད་མེད་པ།དཔལ་ངར་ཆེ་ཞིང་གཏམ་བཤད་མཁས་པ་སྟེ་སེང་ཨ་དོམ་མི་ཡི་སྐྱང་ཀི་དང་རྟ་སྟོང་རི་ནོར་གྱི་བང་མཛོད།གྲི་ལེབ་ཆེན་མི་ཡི་བཤའ་གྲི་ཞེས་ས་གསུམ་གྲགས་པ་ཆེ་བའི་ལོ་རྒྱུས་ལྡན་པ་ཞིག་ཡིན་ནོ།།ཁོང་ལ་སྲས་བཅོ་ལྔའི་ནང་ནས་དཔའ་གསལ་ཟླ་བ་ཞེས་བྱ་བ་ཞིག་ཡོད་པ་དེ་ནི་གླིང་གི་གཅེས་ཕྲུག་བཅུ་གསུམ་གྱི་ཡ་གྱལ་ཡིན་པར་གྲགས།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:མེ་བཟའ་འབུམ་སྐྱིད།