ཨ་རྒོད་ལབ་ཆེན།

ཡེ་མིང་གིས་བཤུས།        2010-11-19

ལ་དྭགས་ཀྱི་དམག་དཔོན་ཆེན་པོ་ཞིག་སྟེ།ལ་དྭགས་དང་གླིང་གི་བར་ལ་དམག་འཁྲུག་བྱུང་རྗེས་སུ།ཨ་རྒོད་ལེབ་ཆེན་དང་དོམ་ཐུལ་སྟོང་ཐུབ་རྒོད་པོ་སོགས་ཀྱི་ལ་དྭགས་རྒྱལ་པོའི་བཀའ་ལུང་ལྟར།ལ་དྭགས་དང་སྦེ་རའི་མཐའ་མཚམས་ཀྱི་འཕྲང་འགག་སྲུང་སྐྱོང་བྱས།ས་བཙན་པའི་དབང་གིས་གླིང་དམག་གིས་ཡུན་རོང་པོར་རྒོལ་བ་བྱས་ཀྱང་རྒོལ་མ་ཐུབ་པས་ཤིང་བྱ་བཟོས་ནས་གླིང་དམག་རྣམས་དྲངས།ཕྱི་ནང་གཉིས་ཀ་ཟུང་འབྲེལ་བྱས་པས་འཕྲང་ལམ་ལེན་ཐུབ་པར་གྱུར་ཅིང་།དམག་འཁྲུག་གི་ཁྲོད་དུ།ཨ་རྒོད་ལེབ་ཆེན་ཡང་ལ་དྭགས་ཀྱི་སྲུང་དམག་གཞན་པ་རྣམས་དང་མཉམ་དུ་གཡུལ་གྱི་མེ་ལྕེས་རང་སྲོག་བསྲེགས་དགོས་པར་གྱུར།
  • ལེ་ཚན་སྔོན་མ།:གླིང་དཀར་ཕུ་ནུ་སུམ་ཅུ།
  • ལེ་ཚན་རྗེས་མ།:འཇང་ས་དམ་རྒྱལ་པོ།