དགུང་སྐྱིད་ཨ་སྔོན་མ་བཞེངས་ལྷ་ཁང་འདྲ།

        2013-04-01

དགུང་སྐྱིད་ཨ་སྔོན་མ་བཞེངས་ལྷ་ཁང་འདྲ།།
གསལ་སྐྱིད་ཉི་ཟླ་མ་བཅའ་མཆོད་པ་འདྲ།།
རྒྱབ་སྐྱིད་སྐར་བརྒྱ་མ་སྤུངས་ཕྱེ་མ་འདྲ།།
མཐོ་སྐྱིད་བྲག་དཀར་མ་བཞེངས་ལྷ་ཁང་འདྲ།།
རྒོད་ཆུང་ངང་ལུ་མ་བཅའ་མཆོད་པ་འདྲ།།
རྒྱབ་སྐྱིད་བྱ་བརྒྱ་མ་སྤུངས་ཕྱེ་མ་འདྲ།།
སྡེ་སྐྱིད་རྒྱ་གྲོང་མ་བཞེངས་ལྷ་ཁང་འདྲ།།
གོང་སྐྱིད་དཔོན་ལུ་མ་བཅའ་མཆོད་པ་འདྲ།།
རྒྱབ་སྐྱིད་ཧོར་འདྲ་མ་སྤུངས་ཕྱེ་མ་འདྲ།།
  • ལེ་ཚན་སྔོན་མ།:གཙང་བཀྲ་ཤིས་ལྷུན་པོར་བསྟོད་པ།
  • ལེ་ཚན་རྗེས་མ།:ཨ་རོགས་ལ་ཡེ།