བོད་ཡིག་བྲིས་གཟུགས་སྒྱུ་རྩལ་གྱི་གནས་བབས་དང་ཐོབ་ཐང་སྐོར་གྱི་གླེང་མོལ།

དཀོན་མཆོག་རྡོ་རྗེས།        2010-09-03

བོད་ཡིག་བྲིས་གཟུགས་ནི་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔའི་ནང་དུ་དམིགས་སུ་དབྱེ་མེད་རུང་། དེས་བོད
་ཀྱི་རིག་གནས་ཤུལ་འཛིན་དང་དར་སྤེལ་གཏོང་བར་ཕན་ནུས་ཆེན་པོ་ཐོན་ཡོད། སྤྱིར་བོད་ཀྱི་ལྗོངས་འདིར་བགྲང་བྱ4000
ཡན་མན་ནས་ཡི་གེ་འབྲི་བའི་སྲོལ་དར་ཞིང་། སྟོན་པ་གཤེན་རབ་མི་བོ་ཆེས་སྟག་གཟིག﹙རྟག་གཟིགས﹚སྤུངས་ཡིག་གི
་རྨང་གཞིའི་ཐོག་སྨར་ཆེན་སྨར་ཆུང་སོགས་ཀྱི་ཡི་གེ་ཞང་ཞུང་ལ་དར་རྒྱས་འཐུས་ཚང་དུ་བཏང་ཞིང་རིམ་བཞིན་གཟི་ཡིག་དང་ལྷ་བབ་ཡི་གེ་སོགས་དར་ཡོད་ཚུལ་དེ་གནའ་བོའི་དཔེ་རྙིང་དང་ད་ལྟའི་ས་འོག་ནས་ཐོན་པའི་དངོས་རྫས་སྣ་ཚོགས་པ་འདི་དག་གིས་བདེན་དཔང་བྱེད་ཐུབ།མ་ཚད་མཁས་པ་ཁག་ཅིག་གིས་རྒྱ་གར་གྱི་ལཉྫ་དང་ཝརྟུ་སོགས་ཀྱང་བོད་ནས་ཕར་འགྱུར་
བའི་ལྟ་བ་བཏོན་པས་དེ་དག་ལའང་མུ་མཐུད་ནས་ཞིབ་འཇུག་བྱ་འོས་སྙམ། ཐེངས་འདིའི་བརྗོད་བྱ་གཙོ་བོ་ནི་དེང་སྐབས་བོ
ད་ཀྱི་ཡིག་གཟུགས་ཀྱི་གནས་བབས་དང་མ་འོངས་པར་གསར་གཏོད་འཕེལ་རྒྱས་ཅི་འདྲ་གཏང་དགོས་པའི་སྐོར་དེ་ཡིན།སྤྱིར་བོད་ཁུལ་དང་ལྷག་པར་དུ་ཁམས་ཕྱོགས་སུ་རིག་གནས་གསར་བརྗེའི་རྗེས་སུ་སི་ཁྲོན་བོད་ཡིག་སློབ་གྲྭའི་དགེ་སློབ་གཙོས་བོད་ཀྱི་ཡིག་གཟུགས་ལ་གཅེས་པའི་ཡིག་མཁན་མི་ཉུང་བ་ཞིག་གིས་ཡི་གེའི་རིག་གཞུང་བསྟན་བཅོས་དང་བྲིས་དཔེ་བཅུ་ཕྲག་ཁ་ཤས་པར་དུ་བསྐྲུན་ནས་བོད་ཀྱི་ཐུན་མིན་གྱི་སྒྱུ་རྩལ་ཉམས་འགྱུར་ལྡན་པའི་དྲིས་གཟུགས་སྣ་ཚོགས་ཀྱི་སྲོལ་མ་ཉམས་པར་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད་པ་ནི་དགའ་འོས་པའི་གནས་ཚུལ་ཞིག་གོ  འོན་ཏེ་དེང་སྐབས་སྤྱི་ཚོགས་ཐོག་གློག་ཀླད་
ཁྱབ་ཚད་ཇེ་ཆེར་དང་སྤྱིར་བོད་ཀྱི་བྲིས་གཟུགས་ལ་མཐོང་ཆེན་གྱི་ཚད་ད་དུང་མི་འདང་བའི་གནས་ཚུལ་འོག་བོད་ཀྱི་བྲིས་གཟུགས་འབྲི་བའི་སྲོལ་རྒྱུན་ཡང་རིམ་བཞིན་ཉམ་དམས་སུ་འགྲོ་བའི་ཉེན་ཁ་གནས་པ་ནི་ཚང་མས་མཁྱེན་གསལ་ལྟར་ལགས་པས་འདིར་ཚང་མས་བོད་ཀྱི་ཡིག་གཟུགས་འབྲི་རྒྱུ་མཐོང་ཆེན་བྱ་དགོས་པའི་འབོད་སྐུལ་ཡང་ཡང་བྱ་བ་ལགས།
   སྤྱིར་དེང་རབས་བོད་ལ་ཆེད་གཉེར་གྱི་ཡིག་མཁན་དཀོན་ཞིང་བྲིས་པའི་ཐོབ་ཐང་ལག་ཁྱེར་དང་བྲིས་ཀྱི་རིན་ཐང་གི་
ཚད་ཀྱང་འདི་དང་འདིའོ་ཞེས་བརྗོད་དཀའ་བ་ལྟར་གྱུར་ཡོད། གལ་ཏེ་ང་ཚོ་རྒྱ་ཡུལ་སོགས་ཀྱི་གྲོང་ཁྱེར་ནང་གི་ཟས་ཁང་དང
་མགྲོན་ཁང་སོགས་སུ་སོང་ཚེ་ཚོང་གཉེར་བ་དེ་དག་གིས་རི་མོ་དང་ཡིག་གཟུགས་ཀྱིས་མཛེས་ཉམས་ཐོན་པ་བྱས་ནས་ཟ་ཁང་
གི་རིམ་པ་ཇེ་མཐོ་ཡོང་ཐབས་བྱས་ཡོད། ཐ་ན་རྒྱ་ཡུལ་ཕྱོགས་ཀྱི་གྲོང་མཐའི་མི་སེར་དག་གིས་ཀྱང་ལོ་གསར་སྐབས་སུ་དུད་ཚ
ང་སོ་སོས་ས་གནས་དེའི་བྲིས་པ་གདན་དྲངས་ནས་སྒོ་ཁར་བཀྲ་ཤིས་མཚོན་པའི་ཡི་གེ་འབྲི་སྲོལ་ཡོད་པ་ཙམ་གྱི་ཐོག་ནས་རྒྱ་མིས་བྲིས་གཟུགས་ལ་མཐོང་ཆེན་དང་བརྩི་མཐོང་འཛིན་པའི་རྣམ་པ་མཐོང་ཐུབ། དེས་མ་ཚད་པར་རྒྱ་ཡུལ་གྱི་བྲིས་པ་མཁས་
ཅན་དང་དེའི་བྲིས་གཟུགས་ལ་རིན་ཐང་གི་ཚད་ངེས་ཅན་ཡོད་ཅིང་། ཡི་གེ་འབྲུ་གཅིག་ལའང་སྒོར་ཁྲི་སྟོང་སྦྱིན་ནས་ཉོ་ཚོང་
བྱེད་མཁན་དང་ཉར་ཚགས་བྱེད་མཁན་ཡོད་པའི་ཐོག་ནས་བྲིས་ཀྱི་རིན་ཐང་དང་བྲིས་པའི་ཐོབ་ཐང་མཚོན་ཐུབ། དེས་ན་མ་
འོངས་པར་ཅི་འདྲ་བྱས་ནས་བོད་ཀྱི་བྲིས་གཟུགས་མུ་མཐུད་ནས་སྔོན་སྲོལ་རྒྱུན་འཛིན་དང་གསར་གཏོད་དར་སྤེལ་གཏོང་བ་དང་ཆབས་ཅིག་ཅི་འདྲ་བྱས་ནས་བྲིས་པའི་ཐོབ་ཐང་དང་བྲིས་ཀྱི་རིན་ཐང་ཇེ་མཐོ་གཏང་དགོས་པ་ནི་ང་ཚོའི་མདུན་དུ་གནས་པའི་གནད་དོན་གལ་ཆེན་ཞིག་རེད་འདུག་སྙམ། དེར་བརྟེན་ཕྲན་གྱིས་ཁམས་ཕྱོགས་ཀྱི་བྲིས་པ་གྲགས་ཅན་ཚེ་རིང་དབང་རྒྱ
ལ་དང་དཔལ་བསྡུས། སྐལ་རྡོར། རྡོར་དྲིལ། རིག་བསྟན་སོགས་དང་བགྲོ་གླེང་ཐེངས་མང་བྱེད་སྐབས་གཤམ་གྱི་གནད་དོན་ཁ་
ཤས་ཐད་ལ་མཐོང་ཆེན་བྱ་དགོས་པའི་ལྟ་བ་བཏོན་པས་འགྲིག་མིན་ཚང་མས་དགོངས་ཆར་གནང་བར་ཞུ།
གཅིག་ནི་བོད་ཀྱི་བྲིས་གཟུགས་ཀྱི་སྒྱུ་རྩལ་ཉམས་འགྱུར་དང་དེའི་རིན་ཐང་མཚོན་པར་བྱ་ཆེད་རྒྱུན་དུ་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་སོགས་བྱས་ཏེ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དེ་བས་མང་བའི་རྒྱལ་ཕྱི་ནང་གི་གྲོགས་པོ་
ཚོས་བོད་ཀྱི་བྲིས་གཟུགས་ལ་རྒྱུས་མངའ་ཡོང་ཐབས་བྱ་རྒྱུ།
གཉིས་ནི་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་དུ་བོད་ཀྱི་བྲིས་གཟུགས་འབྲི་བའི་སློབ་ཚན་གསར་དུ་བཀོད་ནས་ཡིག་གཟུགས་ཚད་ལྡན་རྒྱུགས་ལེན་བྱས་ཏེ་རིམ་པ་རབ་འབྲིང་གི་ལག་ཁྱེར་སྟེར་རྒྱུ་དང་། དུས་ཚོད་ངེས་ཅན་ནང་ཞིང་ལྗོངས་ལྔའི་བྲིས
་པ་གྲགས་ཅན་རྣམས་རྩ་འཛུགས་བྱས་ནས་བོད་ཁུལ་ཡོངས་ཀྱི་བྲིས་པ་ཨང་དང་པོ་དང་གཉིས་པ། གསུམ་པ་སོགས་ཀྱི་རིམ་པ
་དབྱེ་ནས་ཐོབ་ཐང་དཔང་ཡིག་སྤྲོད་རྒྱུ།
གསུམ་ནི་བྲིས་ཀྱི་རྨང་གཞི་སྦྱོང་སྐབས་ངེས་པར་དུ་དགེ་རྒན་དང་བྲིས་དཔེ་ལ་བརྟེན་དགོས་རུང་བྲིས་ཡགཔོ་བྱང་རྗེས་སྲོལ་རྒྱུན་རྒྱུད་འཛིན་བྱ་རྒྱུའི་རྨང་གཞིའི་ཐོག་གསར་གཏོད་གཏང་ཅི་ནུས་གནང་རྒྱུ་ནི་དུས་རབས་ཀྱི་དགོས་མཁོ་ཞིག་རེད་སྙམ།
བཞི་ནི་བོད་ཁུལ་ས་གནས་སོ་སོར་བོད་ཀྱི་བྲིས་གཟུགས་ཀྱི་ཚོགས་པ་བཙུགས་ནས་ས་གནས་དེ་གའི་བྲིས་པ་གསོ་སྐྱོང་དང་ས་གནས་ཕན་ཚུན་མཉམ་འབྲེལ་དང་ཉམས་མྱོང་བརྗེ་རེས་བྱ་རྒྱུ།
ལྔ་ནི་བྲིས་གཟུགས་ཡུན་རིང་དུ་ཉར་ཚགས་བྱ་ཐུབ་ཆེད་དང་བྲིས་ཀྱི་རིན་ཐང་ཇེ་ཆེར་ཡོང་ཆེད། ཡིག་མཁན་གྲགས་ཅན་ཚོས་
ཡིག་གཟུགས་འབྲི་སྐབས་ཤོག་བུ་དང་སྣག་ཚའི་རྒྱུ་སྤུས་ཚད་ལྡན་བྱ་དགོས་པ་གལ་ཆེ།
དྲུག་ནི་བྲིས་གཟུགས་ཡག་པོ་ཞིག་བྲིས་ཚར་རྗེས་དེའི་ཤན་ཆ་དང་མཛེས་བཟོ་བྱེད་སྟངས་ཐད་མཐོང་ཆེན་བྱས་ནས་སྤྱིར་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་དགོས་སུ་གསར་གཏོད་ཀྱི་རང་བཞིན་དང་དུས་རབས་ཀྱི་རང་བཞིན་མཚོན་ཅི་ནུས་བྱ་རྒྱུ།
བདུན་ནི་བོད་ཀྱི་ཡིག་གཟུགས་དེ་ལྷ་ཁང་གི་ཕུག་དང་མཆོད་ཁང་གི་ཟུར་དུ་ཉར་ཚགས་བྱེད་པ་ཙམ་གྱིས་མ་ཚད་པར་རྒྱལ་ཕྱི་ནང་གི་ཀུན་གྱིས་དེ་རིག་གནས་སྒྱུ་རྩལ་ཞིག་ཏུ་བརྩི་ཐབས་ལ་འབད་པ་དང་རྒྱུན་ལྡན་གྱི་རིག་གནས་ཚོང་རའི་འགྲན་རྩོད་ནང་ཞུགས་ཤིང་།བྲིས་གཟུགས་སྣ་ཚོགས་དེ་རིག་གནས་ཁྱད་རྫས་སུ་འགྱུར་ཐུབ་པ་བྱས་ན་ད་གཟོད་ཚོང་རའི་འགྲོ་སྟངས་ཀྱིས་བྲིས་གཟུགས་ལ་རིན་ཐང་གི་ཚད་འདིའོ་ཞེས་པའི་ལུགས་སྲོལ་ཞིག་ཀྱང་འབྱུང་ཐུབ་པས་ཡིག་མཁན་གྱི་ཐོབ་ཐང་ཡང་དེའི་འགྲོས་དང་བསྟུན་ནས་ཇེ་མཐོ་འགྲོ་བ་ནི་གདོན་མི་ཟའོ།
   མདོར་ན་བོད་ཀྱི་ཡིག་གཟུགས་ནི་རིག་གནས་སྒྱུ་རྩལ་རྣམ་གྲངས་གལ་ཆེན་ཞིག་ཡིན་པས་མ་འོངས་པར་བོད་ཀྱི་བྲིས
་གཟུགས་དེ་དག་རྒྱལ་ཕྱི་ནང་གི་མི་རིགས་ཀུན་གྱིས་ནུབ་ཕྱོགས་ཀྱི་སྣུམ་ཚོན་རི་མོ་ནང་བཞིན་གོང་དུ་བསྐུལ་ནས་ག་ས་གར་
ཁྱབ་པའི་སྨོན་འདུན་ཡང་ཡང་ཞུའོ།
  • ལེ་ཚན་སྔོན་མ།:གངས་ཅན་པའི་ཡིག་གཟུགས་དངོས་སུ་མཐོང་བའི་གོ་རིམ།
  • ལེ་ཚན་རྗེས་མ།:རི་མོ་པ་ལྕགས་པེའི་ཡིག་གཟུགས།