མེ་ཏོག་ཆུན་པོ་དབྱངས་ཕྱུག་མཚོ།

ཚེ་བཀྲ།        2010-08-27

 གཞོན་སྐྱེས་གླུ་མ་དབྱངས་ཕྱུག་མཚོ་མེ་ཏོག་ཆུན་པོའི་འགྲན་སྡུར་ཁྲོད་ཞུགས་ཚུན་ནས་ད་ལྟའི་བར་དུ་རྒྱལ་ཡོངས་ཀྱི་ལྟ་མཁན་མང་པོ་ཞིག་གིས་ཁོ་མོར་ཞུམ་པ་མེད་པའི་མཚོ་བོད་མཐོ་སྒང་གི་སྐལ་བཟང་མེ་ཏོག་ཅེས་འབོད་བཞིན་ཡོད། ཆེད་ལས་རང་བཞིན་གྱི་སྦྱོང་བརྡར་ཐོབ་མ་མྱོང་པའི་ཁོ་མོས་རང་གི་འབད་བརྩོན་དང་ནུས་རྩལ་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་འགྲན་ཞུགས་པ་ལྔའི་གྲས་སུ་ཚུད་པ་རེད། དབྱངས་ཕྱུག་མཚོས་དང་ཐོག་གཉུག་མར་གནས་པའི་གླུ་བླངས་པ་དང་རིམ་གྱིས་དེང་རབས་ཀྱི་དར་ཁྱབ་ཆེ་བའི་གཞས་བཏང་པར་མ་ཟད། ད་དུང་གཞས་གཏང་ཞོར་དུ་ཞབས་བྲོ་ཡང་འཁྲབ་སྟོན་བྱས་པས་དཔྱད་འདེམ་པ་དང་ལྟད་མོ་བས་དབྱངས་ཕྱུག་མཚོ་ལ་འགྱུར་ལྡོག་བརྒྱ་འགྱུར་གྱི་འཁྲབ་སྟོན་པ་ཞེས་ཀྱང་འབོད་བཞིན་ཡོད།
  མི་རིགས་ཀྱི་ཁྱད་ཆོས་ནི་དབྱངས་ཕྱུག་མཚོ་ཁོ་ནར་མ་གཏོགས་མེད་པའི་ཁྱད་ཆོས་ཤིག་ཡིན་པས་ལྟ་མཁན་མང་པོ་ཞིག་གིས་ཁོ་མོར་དགའ་བསུ་བྱ་དོན་ཡང་དེའི་རྐྱེན་པས་རེད། ཡིན་ཡང་དབྱངས་ཕྱུག་མཚོས་རང་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་ཆ་དེ་བསྐྱུར་ནས་དེང་རབས་ཀྱི་གཞས་གཏོང་བར་ཧུར་བརྩོན་བྱེད་བཞིན་ཡོད་དེ། དབྱངས་ཕྱུག་མཚོས་བཤད་རྒྱུར། ང་ནི་མ་གཞི་ནས་གྲངས་ཉུང་མི་རིགས་ཡིན་པས་མི་རིགས་ཀྱི་ཁྱད་ཆོས་ཡོད་སྲིད། ཡིན་ཡང་ལེ་ཚན་གྱི་ཕྱིར་དུ།  ངས་རོལ་མོའི་དགེ་རྒན་ལ་གྲོས་བྱས་ནས་གཞས་བདམས་ཤིང་དེའི་འཕྲོར་ཐག་གཅོད་བྱས་པ་ཡིན། ངས་ནམ་རྒྱུན་རུས་པའི་གསེང་གི་བོད་རིགས་ཀྱི་གཞས་དེ་གླུ་ལེན་མི་འདོད། དེ་བས་ལེན་སྟངས་དང་ལེན་བྱ་བསྒྱུར་བ་ཡིན་ཟེར།
  རྒྱུས་ལོན་པའི་གནས་ཚུལ་ལྟར་ན། རོལ་མོ་དགེ་རྒན་གྱིས་མཐའ་གཅིག་ཏུ་དབྱངས་ཕྱུག་མཚོ་ལ་དེང་རབས་ཀྱི་ཕྱོགས་སུ་བསྙེགས་པར་སྐུལ་མ་དང་དཔྱད་འདེམ་པའི་རེ་བ་ནི་རང་མི་རིགས་ཀྱི་ཁྱད་ཆོས་སྲུང་འཛིན་བྱ་རྒྱུ་དེ་རེད། ལྟ་ཚུལ་དང་འདོད་བློ་མི་འདྲ་བ་ཕྱོགས་གཉིས་ཀྱི་མཚམས་ནས་དབྱངས་ཕྱུག་མཚོས་བཤད་རྒྱུར། ང་ནི་མི་རིགས་ཀྱི་གླུ་མ་ཞིག་ཡིན་པའི་ངོས་ཐད་ནས། མཚམས་ལན་རེར་ངས་མི་རིགས་ཀྱི་གླུ་དབྱངས་ལེན་རྒྱུ་དང་སྐབས་ལན་རེར་ངས་དེང་རབས་ཀྱི་གཞས་གཏང་གི་ཡིན། རང་ཉིད་ཐོད་བརྒལ་བྱ་རྒྱུ་དེ་ཡང་རང་གི་ཕྱོགས་སྒོ་མོའི་འཇོན་ནུས་མངོན་པའི་གོ་སྐབས་ཤིག་ག་ལ་མིན།  རྒྱུན་དུ་བོད་གཞས་ཏག་ཏག་བླངས་ན་ངས་བསམ་ན་ལྟ་མཁན་ཚོ་ཡང་སུན་རྒྱུ་རེད། དེ་བས་ངས་ཅི་ནུས་ཀྱིས་རང་ཉིད་ཀྱི་བློ་ཁ་དེང་རབས་འཁྲབ་སྟོན་གྱི་གར་སྟེགས་ཕྱོགས་སུ་བསྒྱུར་པ་ཡིན།
  • ལེ་ཚན་སྔོན་མ།:གཞས་ པ་ ཀུན་ དགའི་ གནས་ ཚུལ་ མདོར་ བསྡུས།
  • ལེ་ཚན་རྗེས་མ།:བོད་ཀྱི་རྡུང་ལེན་པ་གྲགས་ཅན་སྐལ་བཟང་བཀྲ་ཤིས།