ཕྱི་རྒྱལ་གྱི་ཤིང་འཛུགས་ཡུལ་སྲོལ།ང་འཛུགས་ཡུལ་སྲོལ།

དགྲ་འདུལ་གྱིས་བསྒྱུར།        2010-04-27

ཕྱི་རྒྱལ་གྱི་ཤིང་འཛུགས་ཡུལ་སྲོལ།

རླངས་འཁོར་འཕར་བའི་འཛུགས་ཤིང་། རི་པིན་གྱི་བཟོ་གྲྭ་ཁ་ཤས་ཀྱིས་རླངས་འཁོར་གསར་པ་གཅིག་འཕར་སྣོན་བྱས་པར་ངེས་པར་དུ་ཤིང་རྐང་གཅིག་འཛུགས་དགོས་པའི་གཏན་འབེབས་བྱས་ཡོད་ཅིང་། དེ་ནི་ཤིང་ནགས་ཀྱིས་སྦགས་བཙོག་དང་སྒྲ་འཛེར་གཙང་སེལ་བྱས་ཏེ་འཁོར་ཡུག་སྲུང་སྐྱོང་བྱེད་ཐུབ་པའི་དབང་གིས་རེད།
   མྱ་ངན་ཞུ་བའི་འཛུགས་ཤིང་། སུའོ་ལོ་མོན་གླིང་ཚོམ་དུ་གལ་སྲིད་མི་བ་བྱུང་ན་གཤིན་པོའི་ཁྱིམ་ཚང་གིས་དེའི་བང་སོའི་མདུན་དུ་ཤིང་རྐང་གཅིག་བཙུགས་ཏེ་སྙིང་ཐག་པ་ནས་མྱ་ངན་ཞུ་བར་མཚོན་པར་བྱེད་པ་རེད།
   ཁང་པ་བརྒྱབ་པའི་འཛུགས་ཤིང་།  རྒྱ་གར་ནུབ་ཕྱོགས་ཀྱི་ས་ཁུལ་ཁ་ཤས་ཀྱིས་ཁང་པ་གསར་རྒྱག་དགོས་མཁན་གྱི་ལས་ཁུངས་དང་མི་སྒེར་གང་ཡིན་རུང་།ངེས་པར་དུ་ཁང་པའི་ཕྱོགས་བཞིར་ཤིང་ཕྲུག་ལྔ་རེ་འཛུགས་དགོས་ཤིང་།དེ་འདྲ་བྱས་རྗེས་ད་གཟོད་ཨར་ལས་ལེགས་འགྲུབ་བྱུང་བའི་འཛིན་ཡིག་སྤྲོད་པ་རེད།
བག་སྟོན་འཛུགས་ཤིང་།
འཇར་པན་ཁྲང་ཡེ་རྫོང་ནན་ཞང་མུ་གྲོང་ཚོས་བག་སྟོན་བྱས་པའི་ཁྱོ་ཤུག་གཉིས་ཀྱིས་ངེས་པར་དུ་གྲོང་ནང་གཏན་འཁེལ་བྱས་པའི་ཁྱོ་ཤུག་གསར་བའི་ནག་རར་ཤིང་ཕྲུག་ལྔ་རེ་འཛུགས་དགོས་པའི་གཏན་འཁེལ་བྱས་པ་རེད།
   ཕྲུ་གུ་སྐྱེས་པའི་འཛུགས་ཤིང་།
ཐན་སང་ཉི་ཡའི་ས་ཁུལ་མང་པོར་སུའི་ཁྱིམ་དུ་པྲུ་གུ་སྐྱེས་ན་ཕྲུ་གུའི་བུ་རོགས་དེ་འི་ཕྱི་རོལ་དུ་སྦས་ནས་དེའི་ཐོག་ཏུ་ཤིང་ཕྲུག་གཅིག་བཙུགས་ཏེ་དེ་དང་འདྲ་བར་སྐྱེ་སྟོབས་ཆེན་པོས་འཚར་ལོངས་ཡོང་བའི་སྨོན་འདུན་ཞུས་པ་རེད།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:བོད་ཀྱི་ས་ཁམས་ཁོར་ཡུག་གི་ཁྱད་ཆོས།
  • རྩོམ་གསར། 10