ལྷོ་ཁའི་ཟུང་མཁར་རྡོའི་མཆོད་རྟེན།

མཁས་གྲུབ་ཀྱིས་པར་བླངས།        2019-07-03

ལྷོ་ཁའི་ཟུང་མཁར་རྡོའི་མཆོད་རྟེན།

ལྷོ་ཁའི་ཟུང་མཁར་རྡོའི་མཆོད་རྟེན།

ལྷོ་ཁའི་ཟུང་མཁར་རྡོའི་མཆོད་རྟེན།
ལྷོ་ཁའི་ཟུང་མཁར་རྡོའི་མཆོད་རྟེན།
ལྷོ་ཁའི་ཟུང་མཁར་རྡོའི་མཆོད་རྟེན།
ལྷོ་ཁའི་ཟུང་མཁར་རྡོའི་མཆོད་རྟེན།

   ལྷོ་ཁའི་ཟུང་མཁར་རྡོའི་མཆོད་རྟེན་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ནས་སྤྱི་ལེ༡༢༠ཙམ་རྒྱང་བ་དང་། ལྷོ་ཁ་ས་ཁུལ་གྲ་ནང་རྫོང་བསམ་ཡས་དགོན་པ་ནས་ནུབ་ཕྱོགས་སུ་སྤྱི་ལེ༡༥ཙམ་ཡོད་པའི་ཡར་ཀླུང་གཙང་པོའི་ངོགས་ཀྱི་བྲག་རིའི་འདབས་སུ་ཆགས་ཡོད།

གནས་དེར་མཚོ་འཕགས་སྨི༣༦༥༠ཡོད་པ་དང་། དེར་དབྱིབས་དང་ཆེ་ཆུང་མི་འདྲ་བའི་རྡོའི་མཆོད་རྟེན་ལྔ་ཡོད་ཅིང་། བཤད་རྒྱུན་ལ་རྡོའི་མཆོད་རྟེན་ལྔ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཐུགས་བཀོད་གནང་ནས་བཞེངས་ཤིང་བྱིན་གྱིས་བརླབས་པའི་རྡོ་བརྐོས་མཆོད་རྟེན་ཡིན་པར་གྲགས། ཟུང་མཁར་རྡོའི་མཆོད་རྟེན་དང་བསམ་ཡས་དགོན་གྱི་མཆོད་རྟེན་ནི་ཐུ་བྷོད་བཙན་པོའི་རྒྱལ་རབས་དུས་ཀྱི་མཆོད་རྟེན་སྒྱུ་རྩལ་གྱི་མཚོན་བྱེད་དུ་ངེས་པས། བོད་བཙན་པོའི་རྒྱལ་རབས་དུས་ཀྱི་མཆོད་རྟེན་གྱི་བཟོ་སྟངས་དང་བཟོ་བཀོད་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན།༡༩༩༦ལོར། ཟུང་མཁར་རྡོའི་མཆོད་རྟེན་དེ་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་བྱ་ཡུལ་དུ་ཁྱབ་བསྒྲགས་གནང་བ་དང་། ༢༠༠༦ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་དངོས་རྩ་ཆེན་སྲུང་སྐྱོང་བྱ་ཡུལ་དུ་བདམས་པར་ཁྱབ་བསྒྲགས་གནང་བ་རེད།

 


  • ལེ་ཚན་སྔོན་མ།:རྒྱལ་མོ་ཚ་བ་རོང་གི་མཁར་རྫོང་།གསུམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།