རྩྭ་ཐང་མེ་འགོག་སྐོར་གྱི་སྲོལ་ཡིག

        2010-08-27

  དོན་ཚན་ཉེར་དགུ་བ། རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་འཆར་གཞི་ལག་བསྟར་བྱེད་འགོ་བརྩམས་རྗེས། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་འཆར་གཞིའི་བླངས་བྱ་ལྟར། རྩྭ་ཐང་མེ་མེ་སྐྱོན་གསོད་པའི་བྱ་བ་རྩ་འཛུགས་དང་བཀོད་འདོམས་བྱེད་དགོས། རྩྭ་ཐང་མེ་སྐྱོན་གསོད་སྐབས་ཐོག་མར་ངེས་པར་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་དང་། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་དུས་ལྟར་རྩྭ་ཐང་མེ་སྐྱོན་གྱི་འཇིགས་སྐུལ་ཐེབས་པའི་སྡོད་དམངས་དང་མི་སྣ་གཞན་དག་རྣམས་བདེ་འཇགས་ས་ཁུལ་དུ་གནས་སྤོ་བར་སྐུལ་སློང་བྱེད་དགོས་པ་མ་ཟད། ད་དུང་བཀོད་སྒྲིག་ལེགས་པོ་བྱེད་དགོས། གནས་ཚུལ་ཛ་དྲག་ཆེ་བའི་སྐབས་སུ། བཙན་ཤེད་ཀྱིས་གནོད་འཚེ་གཡོལ་བར་གནས་སྤོ་བྱེད་དུ་འཇུག་ཆོག
    དོན་ཚན་སུམ་ཅུ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་འཆར་གཞིའི་ལས་བགོས་ལྟར། དེ་དང་མཐུན་པའི་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་བྱ་བ་ལེགས་པར་བསྒྲུབ་དགོས།
    གནམ་གཤིས་གཙོ་གཉེར་ལས་ཁུངས་ཀྱིས་གནམ་གཤིས་སྔོན་དཔག་དང་གནམ་གཤིས་སྔོན་བརྡ་གཏོང་བའི་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་། དུས་ལྟར་ས་གནས་དེའི་མི་དམངས་སྲིད་གཞུང་ལ་གནམ་གཤིས་ཆ་འཕྲིན་འདོན་སྤྲོད་བྱེད་དགོས་པ་མ་ཟད། གནམ་གཤིས་ཆ་རྐྱེན་དང་བསྟུན་ནས་མིའི་ཐབས་ཀྱིས་ཆར་པ་འབབ་ཏུ་འཇུག་དགོས།
    དམངས་སྲིད་སྡེ་ཁག་གིས་དུས་ལྟར་ཉེན་གཡོལ་ཁང་དང་རོགས་སྐྱོབ་དངོས་རྫས་འདོན་སྤྲོད་ས་ཚིགས་བཙུགས་ནས། གནོད་ཐེབས་མང་ཚོགས་ལ་རོགས་སྐྱོབ་བྱེད་དགོས།
    འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་སྨན་བཅོས་སྲོག་སྐྱོབ་དང་འཕྲོད་བསྟེན་རིམས་འགོག་བྱ་བ་ལེགས་པར་བསྒྲུབ་དགོས།
    ལྕགས་ལམ་དང་འགྲིམ་འགྲུལ། མཁའ་སྐྱོད་སོགས་སྡེ་ཁག་གིས་སྔོན་ལ་རྒུད་སྐྱོབ་དངོས་རྫས་དང་སྒྲིག་ཆས། སྨན་རྫས། ཟས་རིགས་བཅས་སྐྱེལ་འདྲེན་བྱེད་དགོས།
    འཕྲིན་སྐྱེལ་གཙོ་གཉེར་སྡེ་ཁག་གིས་མྱུར་དུ་བབ་བསྟུན་འཕྲིན་སྐྱེལ་ཐད་ནས་འགན་སྲུང་བྱེད་དགོས།
  • ལེ་ཚན་སྔོན་མ།:རྩྭ་ཐང་མེ་འགོག་སྐོར་གྱི་སྲོལ་ཡིག
  • ལེ་ཚན་རྗེས་མ།:རྩྭ་ཐང་མེ་འགོག་སྐོར་གྱི་སྲོལ་ཡིག
  • དོ་སྣང་ཆེ་བའི་རྩོམ།