གངས་ཅན་འོ་སེ་ཇ།

        2013-03-19

གངས་ཅན་འོ་སེ་ཇ།
གངས་ཅན་འོ་སེ་ཇ་ནི་མདོ་དབུས་མཐོ་སྒང་གི་ལྷོ་ཤར་ས་ཁུལ་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཧོར་བྲག་འགོ་ས་ཁུལ་ནས་ཐོན་ཞིང་།མཚོ་ངོས་ལས་སྨི་སུམ་སྟོང་ནས་སུམ་སྟོང་ལྔ་བརྒྱ་ཡན་ནས་སྐྱེས་པའི་འོ་སེ་ཤིང་གི་ལོ་མ་དང་།མྱུ་གུ་དག་སྲོལ་རྒྱུན་གྱི་ལག་ཤེས་དང་དེང་རབས་ཀྱི་ལག་རྩལ་ཟུང་འབྲེལ་བྱས་ནས་བྱུང་བའི་བོད་ཇ་མཆོག་ཏུ་གྱུར་པ་ཞིག་རེད།
 འོ་སེ་ཤིང་ནི་གངས་ཅན་མཐོ་སྒང་ལ་ཧ་ཅང་དཀོན་པའི་ཤིང་གི་རིགས་ཤིག་ཡིན་ལ།འོ་སེ་ཤིང་སྐྱེས་ས་གཙོ་བོ་ཞིག་ནི་ཧོར་བྲག་འགོ་ཡིན།དེ་ལ་ལོ་བརྒྱ་དང་ཐ་ན་ལོ་སྟོང་ལས་བརྒལ་བའི་འོ་སེ་ཤིང་ཡོད།ལོ་ངོ་སྟོང་ལྷག་གི་རིང་ལ།ས་མཐོ་ལ་གྲང་ངར་ཆེ་བའི་གནས་སུ་འཚོ་བའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ལུས་པོའི་དགོས་མཁོ་དང་བསྟུན་ནས་ཟོག་ཤ་དང་ལུག་ཤ།དཀར་ཟས་སོགས་ཟ་བྱ་དང་འཐུང་བྱ་གཙོ་བོར་བྱེད་བཞིན་ཡོད་པ་རེད།དུས་རྒྱུན་གྱི་འཚོ་བའི་ནང་ཉིན་གསུམ་ལ་ཟས་མེད་ཀྱང་ཉིན་གཅིག་ལ་ཇ་མེད་མི་རུང་ཟེར་བ་ལྟར་དུ་བོད་ཁུལ་དུ་འཚོ་བའི་སྤུན་ཟླ་རྣམས་ལ་མཚོན་ན་ཇ་ནི་མེད་དུ་མི་རུང་བའི་བཏུང་བྱ་ཞིག་ལ་གྱུར་ཡོད་པ་རེད།བོད་རིགས་སྤུན་ཟླའི་ནང་ཁྲག་ཤེད་མཐོ་བ་དང་།ཚིལ་མང་བའི་ནད་པ་ཧ་ཅང་ཉུང་བ་རེད།འོ་སེ་ཇ་འཐུང་ན་ཁྲག་ཤེད་ཇེ་དམའ་རུ་གཏོང་བ་དང་།ཁྲག་མངར་དེ་དམའ་རུ་གཏོང་བ།ཁྲག་ཚིལ་དེ་ཉུང་དུ་གཏོང་བ་སོགས་ཀྱི་ཕན་ནུས་ལྡན་པས་འོ་སེ་ཤིང་ཡོད་སའི་མི་རྣམས་ཀྱིས་དེའི་ལོ་མ་དང་མྱུ་གུ་ཡིས་དཀྲུག་པའི་ཇ་ཡིས་ལུས་པོ་ནང་ལ་བསགས་པའི་ཚིལ་ སེལ་བའི་ནུས་པ་དེ་ཇ་གཞན་ལས་ལྷག་པ་ཤེས།འོ་སེ་ཤིང་དེ་སྐྱེས་སྐབས་དུས་ཡུན་རིང་པོ་དགོས་ལ།ཐོན་ཚད་ཀྱང་དཀོན་པས་རིམ་བཞིན་དུ་རྩ་ཆེ་བའི་ཇ་ཞིག་ལ་གྱུར་པ་རེད།དེར་བརྟེན།དུས་ཡུན་རིང་པོ་ལ་འོ་སེ་ཡི་ལོ་མ་དང་མྱུ་གུ་ལས་བྱུང་བའི་བོད་ཇ་འདི་ནི་རྒྱལ་པོ་དང་བླ་སྤྲུལ།སྐུ་དྲག་སོགས་ཀྱིས་སྐུ་མགྲོན་ལ་སྣེ་ལེན་དང་ཡང་ན་དུས་ཆེན་དང་མཛད་སྒོ་ཁོ་ནའི་སྐབས་ཀྱི་བཏུང་བྱ་ཞིག་ལ་གྱུར་པས་དེའི་སྨན་གྱི་ནུས་པའང་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་བྲིས་ཡོད་པ་རེད།གངས་ཅན་འོ་སེ་ཇ།

འོ་སེ་ཤིང་།
 

  • ལེ་ཚན་སྔོན་མ།:རྒྱལ་རོང་བོད་ཟས།
  • ལེ་ཚན་རྗེས་མ།:རྒྱལ་རོང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་བཟའ་བཏུང་རིག་གནས།