འོ་ཞོའི་སྐོར།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2011-02-24

ཞོ་ནི་འོ་མར་སྐྱུར་རྩི་བརྒྱབ་ནས་བསྙལ་བའི་བཏུང་བྱ་ནུར་མོ་ཞིག་ཡིན་ཞིང་། རིགས་ལ་འབྲི་ཞོ་དང་ར་ཞོ། བ་མོའི་ཞོ་སོགས་ཡོད་ལ་འོ་མ་མི་གཅིག་པའི་ཞོ་ལ་བཟོ་བའི་ཐབས་ཀྱང་མི་འདྲ་བས་མངར་ཞོ་དང་རློན་ཞོ། ཞོ་སྐྱུར་སོགས་ཡོད་ཅིང་། ཞོ་ཡི་ནུས་པས་ཟས་འཇུ་ཞིང་གཉིད་འཕེལ། བོད་མིས་ཞོ་འཐུང་རྗེས་ཇ་མི་ཇ་མི་བཏུང་བའི་སྲོལ་ཡོད་པས་གཏམ་དཔེར་ཡང་། ཞོ་འཐུང་རྗེས་ཀྱི་ཇ་འཐུང་དེ། སློག་ཧྲུལ་ཁྱིས་གསེད་པ་འདྲ། ཞོ་འཐུང་རྗེས་ཀྱི་དུ་འཐེན་དེ། གངས་རི་སྨུག་པས་བཟུང་བ་འདྲ། ཞེས་ཟེར་ཞིང་། འོ་མ་ལའང་འབྲི་འོ་དང་མཛོ་མོའི་འོ་མ། ར་མའི་འོ་མ། མ་མོའི་འོ་མ། བ་མོའི་འོ་མ་སོགས་ཡོད་ལ་འོ་མའི་ནུས་པས་ལུས་ཟུངས་གསོ་ཞིང་ས་བོན་འཕེལ། བན་ཀན་དང་རླུང་མཁྲིས་སེལ།
  • ལེ་ཚན་སྔོན་མ།: ཇ་ཆང་སོགས་བཏུང་བའི་སྐོར།
  • ལེ་ཚན་རྗེས་མ།:སིལ་ཏོག་གི་སྐོར།