བོད་ཀྱི་སྐད་ཡིག་དྲ་བ། 2011-01-20
ཞོ་ནི་འོ་མར་སྐྱུར་རྩི་བརྒྱབ་ནས་བསྙལ་བའི་བཏུང་བྱ་མངར་མོ་ཞིག་ཡིན་ཞིང༌། རིགས་ལ་འབྲི་ཞོ་དང་ར་ཞོ། བ་མོའི་ཞོ་སོགས་ཡོད་ལ་འོ་མ་མི་གཅིག་པའི་ཞོ་ལ་བཟོ་བའི་ཐབས་ཀྱང་མི་འདྲ་བས་མངར་ཞོ་དང་རློན་ཞོ། ཞོ་སྐྱ་སོགས་ཡོད་ཅིང༌། ཞོ་ཡི་ནུས་པས་ཟས་འཇུ་ཞིང་གཉིད་འཕེལ། བོད་མིས་ཞོ་འཐུང་རྗེས་ཇ་མི་འཐུང་བའི་སྲོལ་ཡོད་པས་གཏམ་དཔེར་ཡང༌། ཞོ་འཐུང་རྗེས་ཀྱི་ཇ་འཐུང་སློག་ཧྲུལ་ཁྱིས་གསེད་འདྲ། ཞོ་འཐུང་རྗེས་སྐྱོ་དུ་འཐེན་གངས་རི་སྨུག་པས་བཟུང་འདྲ་ཞེས་ཟེར་ཞིང༌། འོ་མ་ལའང་འབྲི་འོ་དང་མཛོ་མོའི་འོ་མ། ར་མའི་འོ་མ། མ་མོའི་འོ་མ། བ་མོའི་འོ་མ་སོགས་ཡོད་ལ་འོ་མའི་ནུས་པས་ལུས་ཟུངས་གསོ་ཞིང་ས་བོན་འཕེལ། བད་ཀན་དང་རླུང་མཁྲིས་སེལ། |
རྩོམ་གསར། 10