བོད་ཀྱི་བཟའ་བཏུང་རིག་གནས་ཀྱི་འཕེལ་འགྱུར།

        2010-08-31

བོད་ཀྱི་བཟའ་བཏུང་རིག་གནས་ཀྱི་འཕེལ་འགྱུར།

བོད་ཀྱི་བཟའ་ཆས་ནི་གནའ་ནས་ད་བར་བོད་རིགས་མི་དམངས་ཀྱི་འཚོ་བའི་ནང་ཁ་བྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཟིན།སྔོན་ཆད་སྤྱི་ཚོགས་འཚོ་བའི་ཆ་རྐྱེན་གྱི་དབང་གིས་མི་སེར་དཀྱུས་མ་ཙོས་ལོ་གསར་སོགས་ཀྱི་དུས་ཆེན་སྐབས་སུ་མ་གཏོགས་དུས་རྒཡུན་ཤ་དང་མར་ཐུད་སོགས་འཚོ་བཅུད་ཆེ་ཞིང་ཞིམ་མངའ་ལྡན་པའི་ཟས་རིགས་སྣ་ཚོགས་ཟ་མི་ཐུབ།ད་ལྟ་དུས་རབས་ཀྱི་འཕེལ་ཕྱོགས་དང་རང་རྒྱལ་གྱི་འགྱུར་ལྡོག་དང་བསྟུན་ནས་བོད་རིགས་མི་དམངས་ཀྱི་འཚོ་བ་ལའང་སྔར་བྱུང་མ་མྱངས་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།ལྷག་པར་དུ་བོད་ཀྱི་ཟ་ཆས་ཐད་སྔོན་ཆོས་མི་བླ་དཔོན་ཚོས་མ་གཏོགས་ཟ་མི་ཐུབ་པའི་ཟ་མ་དེ་དག་ད་ལྟ་མི་སེར་ཕལ་པ་ཚོའི་དུས་རྒྱུན་གྱི་ཁ་ཟས་སུ་གྱུར་པ་དང་།སྔོན་ཆད་ལོ་སར་སྐབས་སུ་མ་གཏོགས་ཟ་མི་ཐུབ་པའི་ཟ་མ་དེ་དག་ད་ལྟ་ཞིང་འབྲོག་མི་དམངས་ཀུན་གྱི་རགྱུན་ཟས་སུ་གྱུར་པར་མ་ཟད་བཟའ་ཆས་ཐད་ལ་སྔོན་སྲོལ་རགྱུན་འཛིན་གྱི་རྨབ་གཞིའི་ཐོག་གསར་གཏོད་ཀྱི་རྣམ་པའང་དར་བཞིན་ཡོད་པས་ད་ལྟ་བོད་ཀྱི་བཟའ་བཏུང་རིག་གནས་ནི་སྣ་མང་ཕུན་སུམ་ཚོགས་ཞིག་ཏུ་འགྱུར་བཞིན་ཡོད།
   ཉེ་བའི་ལོ་ཤས་རིང་།རྒྱལ་ཕྱི་ནང་གི་འབྲེལ་འདྲིས་ཇེ་མང་དུ་བྱུང་རྐྱེན་གྱིས་ཟ་མ་དེ་བོད་རིགས་ཁོ་ནས་མ་ཚད་པར་ཤ་མདོག་མི་གཅིག་ལ་སྐད་རིགས་མི་མཚུངས་པའི་རྒྱལ་ཕྱི་ནང་གི་སྐི་མགྲོན་དེ་ཚོས་ཀྱང་ཟ་རྒྱུར་དགའ་བའི་ཟས་རིགས་ཤིག་ཏུ་འགྱུར་བཞིན་ཡོད།དེ་དང་ཆབས་ཅིག་བོད་ཀྱི་ཟས་ཁང་བཙུགས་མཁན་ཡང་ཆར་རྗེས་ཀྱིམྱུ་གུ་བཞིན་དུ་ཇེ་མང་དུ་གྱུར་ནས་ཞིང་སྡེ་ནས་གྲོང་སྡེ་དང་།གྲོང་སྡེ་ནས་གྲོང་ཁྱེར་དུ་ཟས་ཁང་བཙུགས་ཤིང་།ཟས་ཁང་གི་རགྱ་ཁྱོན་དང་།ཟས་ཀྱི་སྤུས་ཚད།གཡོས་སྦྱོར་གྱི་ལག་རྩལ།ཟ་མའི་རྣམ་གྲངས་སོགས་ཀྱང་ཕུན་སུམ་ཇེ་ཚོགས་སུ་འགྱུར་བཞིན་ཡོད།འོན་ཏེ་སྤྱི་ཁྱོན་ཐོག་ནས་བལྟས་ན་བོད་ཀྱི་ཟས་ཁང་དེ་དག་གི་རྒྱུ་ཆ་ཧ་ཅང་བཟང་རུང་ཟས་ཀྱི་གཡོས་སྦྱོར་ལག་རྩལ་དང་།ཟཟས་ཀྱི་རྣམ་གྲངས་ཐད་ད་དུང་རྒྱ་ཟས་དང་ནུབ་ཕྱོགས་ཀྱི་ཟ་ཁང་སྤུས་བཟང་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པས་ད་ལྟ་བོད་ཁུལ་དུ་སྐར་མ་རིམ་པ་གསུམ་ཡན་གྱི་བོད་ཟས་ཁང་ཧ་ལམ་མེད་པ་འདྲ་བས་སླད་མའི་དུས་སུ་བོད་ཀྱི་བཟའ་བཏུང་རིག་གནས་འཕེལ་རྒྱས་གཏོང་མཁན་གྱི་ཚོང་དཔོན་རྣམ་པས་བོད་ཟས་ཁང་གི་རིམ་པ་ཇེ་མཐོ་དང་།གཡོས་སྦྱོར་གྱི་ལག་རྩལ་ཇེ་ལེགས་སུ་གཏོང་རྒྱུ་ནི་མིག་སྔར་གལ་ཆེ་བའི་ལས་དོན་ཞིག་རེད་འདུག་སྙམ།།         དཀོན་མཆོག་རྡོ་རྗེ་ནས
བོད་ཀྱི་ཁྱད་ཆོས་ཟས་རིགས་ལས་སྟངས་ཁག་གསུམ།
མངར་ཇ་བཟོ་ལུགས།
༡རྒྱུ་ཆའི་སྐོར།ཇ་པ་ཏི་ཁེ༡༠དང་།འོ་ཕྱེ་ཁེ༦༠དང་།བྱེ་མ་ཀ་ར་ཁེ༤༠བཅས་དགོས། ༢བཟོ་སྟངས་ནི་ཇ་ཏེ་ཆུ་ནང་དུ་སྐར་མ༢༠ཙམ་ལ་བསྐོལ་ནས་ཇ་ཁུ་བཏོན་ནས་དེའི་ནང་དུ་བྱེ་མ་ཀ་ར་དང་འོ་ཕྱེ་བླུག་ནས་བསྐོལ་ན་འགྲིག
         ལུག་ཤ་རྩིབ་བཀྲག་བཟོ་ལུགས།
༡རྒྱུ་ཆའི་སྐོར་ལ།ལུག་ཤ་ཁེ༡༥༠༠དང་།ཚྭ་ཁེ༢༥།ཇ་ལྒ་ཁེ༢༠།གཡེརར་མ་ཁེ༡༠།ཙོང་ཁེ༡༠བཅས་རེད།
༢བཟོ་སྟངས་ནི་ལུག་ཤ་རྩིབ་མ་གཏུབ་ནས་ཆུ་ནང་དུ་ཚྭ་དང་འེའུ་ཅེན་དང་ཙོང་།ཇ་ལྒ་བཅས་རྒྱབ་ནས་བཙོ་དགོས།
༣བཙོས་ཚར་བའི་ལུག་ཤ་དེ་སྣུམ་ནང་བསྲགས་ཏེ་འཛི་ར་དང་ཚྭ།འེའུ་ཅེན་བཅས་བཏབ་ན་འགྲིག
ལུག་གྲོང་ཤ་མོ་བཟོ་ལུགས།
༡རྒྱུ་ཆའི་སྐོར།ཤ་མོ་ཁེ༤༠དང་།བོད་ཕག་ཤ་ཚྭས་འདྲེས་མ་ཁེ༤༠༠།ཚྭ་ཁེ༣།འེའུ་ཅེན་ཁེ༣།ཙོང་ཁེ་༣།ཇ་ལྒ་ཁེ༣།སན་ཧྥིན་ཙམ་ཁེ༤བཅས་སོ།
༢བཟོ་སྟངས་ནི་ཤ་མོ་གཙང་མ་བཟོས་ནས་ཆུ་ལ་སྦང་དགོས།ཙོང་དང་ཇ་ལྒ་ཞིབ་བུ་བཟོས་ནས་ཆུ་ཉུང་ཙམ་བླུག་དགོས།ཕག་ཤའི་ནང་ཚྭ་དང་འེའུ་ཅེན་ཇ་ལྒ་ཙོང་བཅས་ཀྱི་ཁ་བ་བླུག་ནས་རྫུ་དགོས།དེའི་ནང་ཧྥིན་ཙམ་ཉུང་དུ་འདེབ་དགོས།ཤ་མོ་སྦང་མའི་ཆུ་རྣམས་མེད་པར་བཟོས་ནས་ཤ་མོའི་ནང་དུ་ཧྥིན་ཙམ་སྐམ་པོ་ཅུང་ཟད་བྱུག་དགོས།དེ་རྗེས་ཤ་མོ་ཆེ་ཆུང་དང་བསྟུན་ནས་ཤ་མང་ཇུང་རན་པ་བླུག་ནས་རླངས་ཚོས་སྐར་མ༡༠ཙམ་བྱས་ནས་དབྱིབས་བཀོད་ལེགས་པའི་སྡེར་མར་བཀྲམ
༣ཚེ་སླངས་ནང་ཆུ་ཉུང་ཙམ་བླུག་ནས་ཚྭ་དང་འེའུ་ཅེན་ཧྥིན་ཙམ་ཅུང་ཟད་བླུག་ནས་རླངས་ཚོས་བརྒྱབ་པའི་ཤ་མོའི་ཁར་བླུག་ན་འགྲིག །
  • ལེ་ཚན་སྔོན་མ།:བོད་ཀྱི་བཟའ་བཏུང་རིག་གནས།
  • ལེ་ཚན་རྗེས་མ།:བོད་ཟས་བདུད་རྩིའི་བུམ་པ།