བོད་ཁམས་སིལ་བུར་འཐོར་བའི་དུས་སྐབས།(3)

        2010-12-22


 
      ཁ.  བར་པ་བཀྲ་ཤིས་མགོན་གྱིས་པུ་རངས་ཀྱི་ཕྱོགས་བཟུང༌།  ག.  ཆུང་བ་ལྡེའུ་གཙུག་མགོན་གྱིས་ཞང་ཞུང་བཟུང་ཞེས་པ་སྒར་དང་གུ་གེའི་ཕྱོགས་རྣམས་བཟུང༌།   དེ་ལ་སྲས་སྲོང་ངེ་དང་ཁོ་རེ་གཉིས་བྱུང༌།   སྲོང་ངེ་ནི་སྤྱི་ལོ་965པའི་ཤིང་གླང་ལོར་འཁྲུངས།   སྤྱི་ལོ་996
པའི་མེ་སྤྲེལ་ལོར་མངའ་རིས་གུ་གེ་མཐོ་ལྡེའུང་གསེར་གྱི་ལྷ་ཁང་བཞེངས།   སྲས་ན་ག་རཱ་ཛ་དང༌།   དེ་བ་རཱ་ཛ་གཉིས་འཁྲུངས།   ཕྱིས་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་ཐུགས་སྐྱོ་ནས་རབ་བྱུང་མཛད་པས་མཚན་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས།  ཁྱེ ་བློ་རྣོ་བ་ཉེར་གཅིག་རྒྱ་གར་དུ་བརྫངས་པས་ལོ་ཆེན་རིན་ཆེན་བཟང་པོ་དང༌།  ལོ་ཆུང་གྲགས་འབྱོར་ཤེས་རབ་གཉིས་ཕྱིར་འཁོར་ཏེ་བསྟན་པ་ལ་ཤིན་ཏུ་ཕན་པ་བྱུང༌།   པཎྜི་ཏ་མང་པོ་སྤྱན་དྲངས་ནས་འདུལ་བའི་སྐོར་འཆད་ཉན་གྱིས་སྤེལ་བ་ལ་སྟོད་འདུལ་དུ་གྲགས།   དེའི་སྐབས་སུ་བོད་ཡུལ་སྟོད་སྨད་གཉིས་ནས་འདུལ་བའི་བསྟན་པ་དར་ཏེ་དབུས་གཙང་དུའང་དགེ་འདུན་གྱི་སྡེ་ཚུགས་པ་སོགས་བྱུང་ཡང༌།  བར་སྐབས་ཡུན་རིང་ཙམ་ལ་བསྟན་པ་ཉམས་པའི་རྐྱེན་གྱིས་ལྟ་སྤྱོད་རྣམ་དག་འཛིན་པ་ཉུང་ཞིང༌།  ཆོས་ལོག་སྤྱོད་པ་མང་པོ་བྱུང་བར་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཆོས་ལོག་སུན་འབྱིན་པའི་ཆེད་དུ་རྒྱལ་བརྩོན་འགྲུས་སེང་གེ་ལ་གསེར་མང་པོ་བསྐུར་ནས་ཇོ་བོ་རྗེ་བོད་དུ་གདན་དྲངས་དུ་བཏང་ཡང་རེ་ཞིག་མ་འདྲོངས།  དེའི་རྗེས་སུ་ཡང་མུ་མཐུད་ནས་ཇོ་བོ་གདན་དྲངས་ཞུ་རྒྱུ་ལ་འབད་བརྩོན་གནང་བཞིན་པའི་སྐབས་དེར།  གར་ལོག་དང༌།  གུ་གེ་གཉིས་གཡུལ་འཁྲུག་པས་ཁོང་གིས་དམག་སྣེ་ཁྲིད་དེ་འཐབ་ཀྱང་མཐར་གར་ལོག་གིས་བཟུང་ནས་བཙོན་ཁང་དུ་འདས་སོ། 
གཅུང་ཁོ་རེ་ལ་སྲས་ལྷ་ལྡེའུ་འཁྲུངས།   ཁ་ཆར་གྱི་ལྷ་ཁང་བཞེངས། 
ལྷ་ལྡེའུ་ལ་སྲས་གསུམ་སྟེ་འོད་ལྡེའུ་དང༌།   ཕོ་བྲང་ཞི་བ་འོད།   བཙུན་པ་བྱང་ཆུབ་འོད་བཅས་སོ།   འོད་ལྡེའུ་ལ་སྲས་རྩེ་ལྡེའུ་འཁྲུངས།   རྩེ་ལྡེའུ་ལ་སྲས་འབར་ལྡེའུ་དང༌།   བཀྲ་ཤིས་ལྡེའུ།   ལྷ་ལྡེའུ།   ན་ག་དེ་བ་བཅས་བཞི་འཁྲུངས།   ན་ག་དེ་བ་ལ་སྲས་བཙན་ཕྱུག་ལྡེའུ་འཁྲུངས།   བཙན་ཕྱུག་ལྡེའུས་ཡ་ཙེའི་མངའ་བདག་མཛད།   སྲས་བཀྲ་ཤིས་ལྡེའུ་འཁྲུངས།   བཀྲ་ཤིས་ལྡེའུ་ལ་སྲས་གྲགས་བཙན་ལྡེའུ་འཁྲུངས།   གྲགས་བཙན་ལྡེའུ་ལ་སྲས་གྲགས་པ་ལྡེའུ་འཁྲུངས།  གྲགས་པ་ལྡེའུས་གསེར་བྲེ་བདུན་ཅུ་ལ་འཇམ་དབྱངས་ཀྱི་སྐུ་དང༌།   དངུལ་བྲེ་སྟོང་ཕྲག་བཅུ་གཉིས་ཀྱིས་བྱམས་པ་སོགས་དང༌། 
གསེར་དངུལ་གར་བླུགས་དང་ལྗང་བརྡུངས་ཀྱི་ལྷ་ཆེན་དང་མཆོད་རྟེན་དུ་མ་བཞེངས།  སྲས་ཨ་སོག་ལྡེའུ་འཁྲུངས།  ཨ་སོག་ལྡེའུས་རྒྱ་གར་རྡོ་རྗེ་གདན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཕུལ་བའི་གྲོང་བཞི་བཅུ་ཞེ་གཉིས་བར་སྐབས་སོག་པོས་བཟུང་བ་རྣམས་བླུས་ནས་རྡོ་རྗེ་གདན་རང་ལ་ཕུལ།  སྲས་འཛི་ཐར་སྨལ་དང༌།   ཨ་ནན་སྨལ་གཉིས་འཁྲུངས།  འཛི་ཐང་སྨལ་གྱིས་དངུལ་གྱི་དགྱེས་རྡོར་བཞེངས།  ཨ་ནན་སྨལ་གྱིས་རྡོ་རྗེ་གདན་གསོས།   འདི་ཡན་འབྲི་གུང་པའི་སྦྱིན་བདག་ཡིན།   འཛི་ཐར་སྨལ་ལ་སྲས་ཨ་འཛིད་སྨལ་འཁྲུངས།  ཨ་འཛིད་སྨལ་གྱིས་ས་སྐྱར་ལྷ་བཙུན་བྱས།  ཕྱིས་རྒྱལ་སར་འཁོད་ཅིང་གདུང་རབས་གཉིས་ནས་ཡ་ཙེའི་རྒྱལ་རྒྱུད་ཆད།   པུ་རངས་ནས་བསོད་ནམས་ལྡེའུ་སྤྱན་དྲངས།  དེ་ལ་པུ་ཎ་སྨལ་དུ་གྲགས།   དེའི་སྲས་པྲི་ཏི་སྨལ་དང༌།   བློན་པོ་དཔལ་ལྡན་གྲགས་པས་ས་སྐྱའི་ཆོས་ཁྲི་དང༌།   ལྷ་སར་བཅུ་གཅིག་ཞལ་ལ་གསེར་ཐོག་ཕུལ།  ཨ་སོག་ལྡེའུའི་སྲས་ཆུང་བ་ཨ་ནན་སྨལ་ལ་སྲས་རེ ་སྨལ་འཁྲུངས།  རེ ་སྨལ་གྱིས་རྒྱ་གར་གྱི་རྒྱལ་ཁམས་མང་པོ་བདག་པོར་བྱས།  དངུལ་ལས་བདེ་གཤེགས་བརྒྱད་བཞེངས།  ལྷ་སར་གཙང་ཁང་དབུས་མའི་གསེར་ཐོག་བྱས།   འདི་ཡན་འོད་སྲུངས་ཀྱི་གདུང་རྒྱུད་འཐོར་ཞིག་སོང་བའི་སྐོར་རགས་རིམ་ཙམ་བཤད་ཟིན་ཏོ། 
 
གཉིས།   ཁྲི་ལྡེའུ་ཡུམ་བརྟན་གྱི་གདུང་རྒྱུད་སྐོར། 
རྒྱལ་པོ་དར་མའི་གདུང་སྲས་ཁྲི་ལྡེའུ་ཡུམ་བརྟན་ནི་ཡབ་འདས་པའི་རྗེས་སུ་སྤྱི་ལོ་842པའི་ཆུ་ཁྱི་ལོར་གཅེན་འོད་སྲུངས་འཁྲུངས་རྗེས་སུ་སྐུ་བལྟམས།  རྒྱལ་སྲིད་ལ་རྩོད་ཅིང་དབུ་གཡོ་འཁྲུག་པ་སོགས་མི་འདོད་པ་མང་པོ་བྱུང་བའི་ཚུལ་རྣམས་གོང་དུ་སོང་མ་ཁད་པ་ལྟར་ཡིན་ལ།  བཙན་པོ་འདི་ཡིས་སྤ་ཚབ་བཟའ་བཀྲ་ཤིས་མཚོ་ཁབ་ཏུ་བཞེས་པ་ལ་སྲས་ཁྲི་ལྡེའུ་མགོན་གཉེན་འཁྲུངས།   སྤྱི་ལོ་882པའི་ཆུ་ཡོས་ལོར་གཤེགས་སོ།  །  ཁྲི་ལྡེའུ་མགོན་གཉེན་ལ་སྲས་ཁྲི་ལྡེའུ་རིག་པ་མགོན་དང༌།   ཉི་མ་མགོན་གཉིས་འཁྲུངས།  ཁྲི་ལྡེའུ་རིག་པ་མགོན་གྱི་རྒྱུད།  རིག་པ་མགོན་ལ་སྲས་ལྡེའུ་བོ་དང༌།  རྡོ་རྗེ་འབར་གཉིས་འཁྲུངས།  ལྡེའུ་བོ་ལ་སྲས་ལྷ་བུག་པ་ཅན་དང༌། 
ཐང་བྲག་པ་གཉིས་འཁྲུངས།  རྡོ་རྗེ་འབར་གྱི་སྲས་ཁྲི་དབང་ཕྱུག་བཙན།  ཁྲི་དབང་ཕྱུག་བཙན་ལ་སྲས་ཚ་ན་ཡེ་ཤེས་རྒྱལ་མཚན་འཁྲུངས།  ཚ་ན་ལ་སྲས་མངའ་བདག་ཁྲི་པ་འཁྲུངས། 
འདི་ཡབ་སྲས་གཉིས་ཀྱིས་བསམ་ཡས་ཀྱི་ཞབས་ཏོག་མཛད།  དེའི་དུས་དབུས་གཙང་གི་མི་བཅུ་མདོ་ཁམས་ནས་བྱོན་ནོ།   །  ཁྲི་པ་ལ་སྲས་ཨ་ཙ་ར་དང༌།   དགེ་སློང༌།   བླ་མ་བོ་དྷི་རཱ་ཛ་གསུམ་འཁྲུངས།    ཨ་ཙ་རའི་རྒྱུད་པ་ཕྲེང་པོ་པ་དང༌།  ལྕང་རྒྱབ་པ།   གླག་པ་ལམ་པ།   འབྲོང་པ།   སྙེ་ཐང་པ།   ལུམ་པ་བཙད་པོ་བཅས་སུ་གྲགས།  དགེ་སློང་གི་རྒྱུད་པ་སྤེལ་བཞི་པ།   བོ་དྷི་རཱ་ཛའི་རྒྱུད་ཉགས་ལམ་པ།   འབྲི་གུང་པ།   འོན།   དོ།   ཆབ་ཐང༌།   བསམ་ཡས་བཙད་པོ་སོགས་མང་དུ་འཕེལ་བ་བཅས་སོ།   ། 
ཉི་མ་མགོན་ལ་སྲས་ཉི་འོད་དཔལ་མགོན་འཁྲུངས།   དེའི་རྒྱུད་ཀླུང་ཤོད་འཕན་ཡུལ་མདོ་སྟོད་ན་མང་ངོ།   །  ཞེས་པ་འདི་དག་ནི་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་གསལ་བ་བཞིན་བཀོད་ཅི༌།   ལོ་རྒྱུས་ཡིག་ཚང་གཞན་དུ་འདི་དག་མི་འདྲ་བ་འདུག་པས་དཔྱད་པར་འོས། 
 
གསུམ།   བོད་ཀྱི་རྒྱལ་རབས་འཐོར་རྗེས་ཀྱི་གདུང་རབས་རེ ་མིག
 
རེ ་མིག་དང་པོ།   འོད་སྲུང་གི་རྒྱུད་པ།  གཡོ་རུའི་རྒྱལ་རྒྱུད།  གཙང་གི་ཡུལ
ཧ་ལམ་སྤྱི་ལོའི་དུས་རབས་དགུ་པའི་དཀྱིལ་ཙམ་ནས་དུས་རབས་10བར
རྒྱལ་པོའི་མཚན།  འཁྲུངས་འདས་ཀྱི་ལོ། 
གསལ་བཤད།  འོད་སྲུངས།  842885
མངའ་བདག་དཔལ་འཁོར་བཙན།  865
གཅེན་བཀྲ་ཤིས་བརྩེགས་པ།  བཀྲ་ཤིས་བརྩེགས་པ་སྲས་སྨད་ཀྱི་ལྡེའུ་གསུམ་ཞེས་པ། 
ཆེ་བ་དཔལ་ལྡེའུ།   འབྲིང་བ་འོད་ལྡེའུ། 
ཆུང་བ་སྐྱིད་ལྡེའུ་གསུམ་འཁྲུངས།  6གཅུང་སྐྱིད་ལྡེའུ་ཉིད་མ་མགོན། 
སྲས་སྟོད་ཀྱི་མགོན་གསུམ་ཞེས་པ།   ཆེ་བ་རིག་པ་མགོན། 
འབྲིང་བ་བཀྲ་ཤིས་མགོན།   ཆུང་བ་ལྡེའུ་གཙུག་མགོན་བཅས་གསུམ་འཁྲུངས། 
སྨད་ཀྱི་ལྡེའུ་གསུམ།   གུང་ཐང་རྒྱལ་རབས། 
སྤྱི་ལོ་དུས་རབས་བཅུ་པའི་དཀྱིལ་ཙམ་ནས་1280བར
BG(!BHDG3,FK18,K24Fརྒྱལ་པོའི་མཚན།    གསལ་བཤད།  BHDG12F
K18ZQK24ZQFགཅེན་དཔལ་ལྡེའུ།  འོད་ཟེར་ལྡེའུ།  དབང་པོ་ལྡེའུ།  དུང་དཀར་ལྡེའུ། 
བཙན་ལྡེའུ།  འདིའི་རྒྱུད་པས་གུང་ཐང་དང༌།   ཀླུ་རྒྱལ་པ།   སྤྱི་པ་ལྷ་རྩེ་པ། 
 གླང་ལུང་བ་རྣམས་དབང་དུ་བྱས་ཡོད།   འདི་ལས་བརྒྱུད་པའི་གུང་ཐང་བཙད་པོའི་གདུང་རབས་ཐ་མ་ཁྲི་བསོད་ནམས་དབང་ཕྱུག་དེ་སྤྱི་ལོ་
1477ꆪ1648བར་གནས་ཡོད། 
2འོད་ལྡེའུའི་རྒྱུད་པ།  ཧ་ལམ་སྤྱི་ལོའི་དུས་རབས་
10དཀྱིལ་ཙམ་ནས་11ཙམ་བར
BG(!BHDFG3FK8K34Fརྒྱལ་པོའི་མཚན།  གསལ་བཤད། 
BHDG11FK8ZQK34ZQFཕ་བ་དེ་སེ།  དར་མ་བཙན་པོ།  ཁྲི་འབར།  བཀྲ་ཤིས་ལྡེའུ། 
བཙན་སྲོང༌།  བཙན་པོ་ལྡེའུ་འབར། 
འོད་ལྡེའུའི་སྲས་ཆེ་བ་ཕ་བ་དེ་སེ།   འདི་རྣམས་ཀྱིས་གཙང་རོང་དང༌། 
སྣུམས་ཡུལ།   གཡག་སྡེ།   ཉང་སྟོད།   སྟག་ཚལ་སོགས་ཀྱི་ཡུལ་རྣམས་བཟུང༌། 
ཙོང་ཁའི་རྒྱལ་རབས།  ཧ་ལམ་སྤྱི་ལོའི་དུས་རབས་10པའི་དཀྱིལ་ཙམ་ནས BG(!BHDFG2FK12K30F
རྒྱལ་པོའི་མཚན།  གསལ་བཤད།  BHDG10FFཁྲི་ལྡེའུ།  མདོ་སྨད་ཙོང་ཁའི་རྒྱལ་རྒྱུད
ལྷ་རྒྱལ་བ།  དར་ལྡེའུ།   དར་མ་ལྡེའུ།  སྲས་འབྲིང་བ་ཁྲི་ལྡེའུའི་བརྒྱུད་པ་འདི་མདོ་ཁམས་སུ་བྱོན་ཏེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ལ་སོགས་པ་མདོ་སྨད་ཕལ་ཆེར་ལ་མངའ་མཛད།  དེང་མཚོ་སྔོན་དང་ཀན་སུའི་ས་ཆ། 
LMགཙང་གཡས་རུའི་སྐྱིད་མཁར། 
རྒྱལ་པོའི་མཚན།  གསལ་བཤད།  BH
DG6FFཉག་ལྡེའུ།  འོད་ལྡེའུའི་སྲས་གསུམ་པ་ཡིན། 
ཡར་ལུང་རྒྱལ་རབས།  སྤྱི་ལོའི་དུས་རབས་བཅུ་པའི་དཀྱིལ་ཙམ་ནས་དུས་རབས་13བར
རྒྱལ་པོའི་མིང༌།  གསལ་བཤད།  BH
DG9FFཁྲི་ཆུང༌།   འོད་སྐྱིད།  འོད་ལྡེའུའི་སྲས་བཞི་པ་ཡིན།  མྱང་ཡུལ་རྒྱལ་རབས། 
ཧ་ལམ་སྤྱི་ལོའི་དུས་རབས་བཅུ་པའི་དཀྱིལ་ཙམ་ནས
རྒྱལ་པོའི་མཚན།  གསལ་བཤད།  BHDG9FFསྐྱིད་ལྡེའུ།  རྒྱལ་བ་འོད།  འདིའི་རྒྱུད་པ་ལ་ཁྱུང་བཙད་དང༌།   འབྲེ་བཙད།   ལྕེ་བཙད་གསུམ་བྱུང་ཡོད་ཅིང་དེ་དག་གིས་མྱང་ཡུལ་སྟོད་སྨད་བར་གསུམ་བཟུང་པར་གྲགས། 
LM
 
2.  སྟོད་ཀྱི་མགོན་གསུམ།  1 ལ་དྭགས་རྒྱལ་རབས། 
སྤྱི་ལོ་960ནས་ད་ལྟའི་བར BG(!BHDG3FK10K32Fརྒྱལ་པོའི་མཚན།  གསལ་བཤད། 
BHDG12FK10ZQK32ZQFཆེ་བ་རིག་པ་མགོན། 
འགྲོ་མགོན།   བླ་ཆེན་གྲགས་ལྡེའུ།  བླ་ཆེན་བྱང་ཆུབ་སེམས་དཔའ། 
བླ་ཆེན་རྒྱལ་པོ།  ལྷ་ཆེན་ཨཏྤལ།  འདིའི་རྒྱལ་རབས་ད་ལྟ་བཞུགས་བཞིན་པའི་ལ་དྭགས་རྒྱལ་པོའི་བར་རྒྱུན་མ་ཆད་པར་བྱུང༌། 
 
2 སྤུ་ཧྲེང་རྒྱལ་རབས།  ཧ་ལམ་སྤྱི་ལོ་96ལོ་ཙམ་ནས་?
BG(!BHDFG2FK12K30Fརྒྱལ་པོའི་མཚན།  གསལ་བཤད།  BH
DG3FFབར་པ་བཀྲ་ཤིས་མགོན། 
རེ ་མིག་འདི་ཆོས་འབྱུང་མཁས་པའི་དགའ་སྟོན་ལྟར་བཀོད་པ་ཡིན། 
 གུ་གེའི་རྒྱལ་རབས།  སྤྱི་ལོ་960ནས་དུས་རབས་15པའི་འགོ་ཙམ་བར
 
BG(!BHDFG3FK15K27Fརྒྱལ་པོའི་མཚན་དང་འཁྲུངས་འདས་ཀྱི་ལོ། 
གསལ་བཤད།  BHDG20FK15ZQK27ZQF
ཆུང་བ་ལྡེའུ་གཙུག་དགོན།  ལྷ་བླ་མ་ཡེ་ཤེས་འོད།   965-1036གཅུང་ཁོལ་རེ། 
ལྷ་ལྡེའུ།  འོད་ལྡེའུ།   1030-?རྩེ་ལྡེའུ།  ན་ག་དེ་བ།  བཙན་ཕྱུག་ལྡེའུ། 
འོག་གི་རྒྱལ་རབས་རྣམས་མིང་མ་བྲིས ལྷ་ལྡེའུ་ལ་འོད་ལྡེའུ་དང༌། 
 ཕོ་བྲང་ཞི་བ་མོད།   བཙུན་པ་བྱང་ཆུབ་འོད་བཅས་སྲས་གསུམ་འཁྲུངས། 
 
 འོད་ལྡེའུ་རབ་བྱུང་དང་པོའི་ལྕགས་ལུག་སྤྱི་ལོ་1031ལོར་འཁྲུངས། 
དགུང་ལོ་སུམ་ཅུ་པ་སྤྱི་ལོ་1060ལོར་མང་ཡུལ་དཔེ་ཐུབ་ཀྱི་ལྷ་ཁང་བཞེངས། 
རྩེ་ལྡེའུས་རབ་བྱུང་གཉིས་པའི་མེ་གླང་1097
ལོར་གཙང་ལ་སྟོད་དིང་རི་དགོན་པ་བཞེངས། 
གུ་གེའི་རྒྱལ་རབས་བཅུ་བདུན་པ་བཀྲ་ཤིས་མགོན་གྱི་གདུང་རྒྱུད་བསོད་ནམས་སྡེ་པུ་ཧྲེང་ནས་གདན་དྲངས་ནས་གུ་གེ་རྒྱལ་པོའི་གདུང་རྒྱུད་འཛིན། 
སྤྱི་ལོའི་དུས་རབས་17པའི་ལོ་རབས་སུམ་བཅུ་པའི་ནང་ཙམ་ན་ལ་དྭགས་གྱིས་དམག་བཏང་ནས།  གུ་གེ་རྒྱལ་པོ་མཐའ་མ་ཁྲི་གྲགས་པ་བཀྲ་ཤིས་བཀྲོངས་ནས་མཁར་རྫོང་ཐམས་ཅད་གཏོར་བས་གུ་གེ་རྒྱལ་རབས་མཇུག་རྫོགས། 
རེ ་མིག་གཉིས་པ།   ཡུམ་བརྟན་གྱི་རྒྱུད་པ། 
དབུ་རུའི་རྒྱལ་རྒྱུད། 
ཧ་ལམ་སྤྱི་ལོའི་དུས་རབས་དགུ་པའི་དཀྱིལ་ནས་དུས་རབས་བཅུ་གཅིག་པ་བར
རྒྱལ་པོའི་མིང༌།  འཁྲུངས་འདས།  གསལ་བཤད།  BHDG2FK9ZQK
6K27ZQFཁྲི་ལྡེའུ་ཡུམ་བརྟན། 
842ꆪ882གླང་དར་མའི་སྲས་ཡིན།  BHཁྲི་ལྡེའུ་མགོན་གཉན། 
ཁྲི་ལྡེའུ་མགོན་གཉན་ལ་སྲས་གཉིས་ཏེ།   ཆེ་བ་རིག་པ་མགོན། 
ཆུང་བ་ཉི་མ་མགོན།  BHརིག་པ་མགོན།  BH
རྡོ་རྗེ་འབར།  BHཁྲི་དབང་ཕྱུག་བཙན། 
BHཚ་ན་ཡེ་ཤེས་རྒྱལ་མཚན།  ?ꆪ977BHམངའ་བདག་ཁྲི་པ། 
BHDG4ཨ་ཙ་ར།  འདི་ལས་ལྕང་རྒྱབ་པ་དང་འབྲོང་པ། 
སྙེ་ཐང་པ།   ལུམ་པ་བ་རྣམས་ཀྱི་རྒྱུད་པ་འཕེལ།  BHདགེ་སློང༌། 
 
BHDG2དགེ་སློང༌།  དགེ་སློང་གི་རྒྱུད་པ་ལས་སྤེལ་བཞི་བའི་རིགས་རྒྱུད་འཕེལ། 
BHDG4བོ་དྷི་རཱ་ཛ།  འདིའི་རྒྱུད་པ་འབྲི་གུང་པ་དང༌། 
འོན།   རྡོ།   བསམ་ཡས་བཙད་པོ་སོགས་མང་དུ་འཕེལ། 
མཆན།   འདི་སྐྱིད་ཤོད་ལྷ་སའི་རྒྱལ་རབས་ཡིན། 
ཉི་མ་མགོན་གྱི་གདུང་རྒྱུད། 
BG(!BHDFG3FK18K24Fརྒྱལ་པོའི་མཚན།  གསལ་བཤད།  BH
DG5FK18ZQK24ZQFཉི་མ་མགོན།  ཉི་འོད་དཔལ་མགོན།  མཁས་པའི་དགའ་སྟོན་ལྟར་ན། 
 
ཧ་ལམ་སྤྱི་ལོའི་དུས་རབས་བཅུ་པའི་དཀྱིལ་ཙམ་དུ་ཉི་འོད་མགོན་གྱི་བརྒྱུད་པ་ཁམས་ཕྱོགས་སུ་མཆེད། 
  • ལེ་ཚན་སྔོན་མ།:བོད་ཁམས་སིལ་བུར་འཐོར་བའི་དུས་སྐབས།
  • ལེ་ཚན་རྗེས་མ།:དར་མདོ་ལྕགས་ལ་རྒྱལ་པོ།