སྒྱུ་རྩལ་གྱིས་མི་སེམས་འཕྲོག་བའི་གླུ་མ་ཚེ་དབང་ལྷ་མོ།

རྫ་ཆུའི་རླབས་སྒྲ་ལས་དྲངས།        2010-12-22

སྒྱུ་རྩལ་གྱིས་མི་སེམས་འཕྲོག་བའི་གླུ་མ་ཚེ་དབང་ལྷ་མོ།

དེང་རབས་བོད་ཀྱི་གླུ་མ་ཚེ་དབང་ལྷ་མོ་ནི། བྱང་འབྲོག་དགེ་རྩེ་རྫ་ཆུ་ཁའི་འཇུ་སྒར་གྲོང་བརྡལ་དུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་གླུ་ལེན་གར་རྩེ་ལ་དགའ་ཡང་རང་སྦྱོང་བྱེད་པ་ལས་གླུ་དབྱངས་དང་ཞབས་བྲོ་སོགས་སྦྱང་བའི་སྒྱུ་རྩལ་སློབ་གླིང་སོགས་ལ་དངོས་ཞུགས་ཀྱི་བསྐལ་བ་མ་ལྡན་རུང་། ཕ་ཡུལ་གྱི་རྫོང་སློབ་ཆུང་འབྲིང་དང་དཀར་མཛེས་མི་རིགས་དགེ་འོས་སློབ་གྲྭ་དེ་མིན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་དོ་དམ་སློབ་གླིང་བཅས་སུ་སྔ་ཕྱིར་ཞུགས་པའི་གོ་རིམ་ཁྲོད། མོ་རང་གླུ་དབྱངས་ལ་ཧ་ཅང་དུངས་བའི་དབང་གིས་རང་ཉིད་ཀྱི་སློབ་སྦྱོང་གི་ཞོར་དུ་རང་འགུལ་གྱིས་གླུ་དབྱངས་ལེན་རྒྱུར་ཧུར་བརྩོན་བྱས་པའི་རྐྱེན་གྱིས། རིམ་བཞིན་ཚེ་དབང་ལྷ་མོ་ཞེས་པའི་མིང་འདི་ཡང་རྒྱ་བོད་ཀྱི་གླུ་མ་གཞན་དང་འདྲ་བར་ཡུལ་གྲུ་ཡོངས་ལ་སྙན་པར་གྲགས་པ་རེད། ཚེ་དབང་ལྷ་མོ་མོ་རང་ཉིད་ནི་རྒྱུན་ལྡན་གྱི་འབྲོག་པའི་བུ་མོ་ཕལ་བ་ཞིག་ནས་ཡུལ་མི་ཀུན་གྱིས་ཁས་ལེན་ཐོབ་པའི་དེང་རབས་བོད་ཀྱི་གླུ་མ་གྲགས་ཅན་ཞིག་ཏུ་འགྱུར་བའི་གོ་རིམ་ནི་ཇི་འདྲའི་འོད་སྟོང་འབར་བ་ཞིག་རེད་ཨང་།
   ༢༠༠༠ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནས་སྐབས་གསུམ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་འཚོགས་སྐབས་ཁོ་མོ་རྒྱན་གོས་འཁྲབ་སྟོན་ལ་ཞུགས་ནས་བྱད་གཟུགས་ལེགས་པའི་ཁམས་པའི་བུ་མོ་ཡི་བྱ་དགའ་བླངས་པ་དང་། ༢༠༠༡ལོའི་ཟླ༤པའི་ནང་ཁོ་མོས་བླངས་བའི་བསོད་ནམས་ཡང་འགྲོ་ལ་ཞེས་པའི་གླུ་དབྱངས་སྙན་མོ་དེ་ལ་སྒྲ་ཕབ་སྒྲིག་སྦྱོར་བྱས་ནས་འགྲེམས་རྗེས་བོད་ཁུལ་ཡོངས་ནས་དེ་ལ་དགའ་བསུ་ཆེན་པོ་ཐོབ། ༢༠༠༢ལོའི་ཟླ་༤པའི་ནང་བསོད་ནམས་དབང་མོ་རྒྱལ་ཡོངས་ཀྱི་སྐབས་བཅུ་བའི་ན་གཞོན་གླུ་བའི་འགྲན་བསྡུར་ལ་ཞུགས་ནས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གླུ་མའི་བྱ་དགའ་ཐོབ།
༢༠༠༣ལོ་དང་༢༠༠༤ལོའི་བར་སྔ་རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ཁང་དང་བོད་ལྗོངས་བརྙན་འཕྲིན་ཁང་བཅས་ཀྱིས་སྒྲུབ་པའི་ལོ་གསར་དགུང་ཚོགས་ལ་ཐེངས་དུ་མར་ཞུགས་པ་མ་ཟད། ད་རུང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གཅིག་སེམས་གཅིག་སྦྲེལ་གྱི་ལེ་ཚན་སོགས་མང་བོར་ཞུགས་ནས་སྤྱི་ཚོགས་ཡོངས་ནས་གདེང་འཇོག་ཚད་མཐོན་པོ་གནང་སྟེ་རེ་བ་ཆེན་པོ་བཅངས་ཡོད། ད་ལྟ་ལ་ཚེ་དབང་ལྷ་མོ་དང་སྐལ་བཟང་སྒྲོལ་མ། དབྱངས་ཅན་སྒྲོལ་དཀར་གསུམ་ལ་ཨ་ཅག་ཚན་སྡེབ་ཅེས་ཕྱི་ནང་ཀུན་ལ་སྙན་པར་གྲགས་ཤིང་ཁོ་ཚོས་གླུ་དབྱངས་སྒྱུ་རྩལ་གྱི་ལམ་བུར་འཚོལ་སྙེག་བྱེད་བཞིན་པ་ལགས་སོ། །
  • ལེ་ཚན་སྔོན་མ།:བོད་ཀྱི་དེང་རབས་གླུ་ཡི་རྒྱལ་པོ་ཡ་དུང་།
  • ལེ་ཚན་རྗེས་མ།:གླུ་ཡི་འགྱུར་ཁུག་ངག་གིས་དྲངས་པའི་ལྷ་མོ་བཅིངས་འགྲོལ་སྒྲོལ་མ།
  • དོ་སྣང་ཆེ་བའི་རྩོམ།