ཀྲུང་གོའི་ཐོག་མར་བྱུང་བའི་བོད་རིགས་ཀྱི་དེང་རབས་ཀྱི་བུད་མེད་མ་དཔེ་སྟོན་མཁན།

        2010-09-01

 
“ང་ནི་འགྲན་བསྡུར་བྱེད་མཁན་ཨང་བཅུ་བ་ཡིན་ཞིང་།མིང་ལ་བདེ་སྐྱིད་ཟེར།ད་ཐེངས་ཀྱི་འགྲན་བསྡུར་དུ་ཞུགས་པས་ཤིན་ཏུ་དགའ་བོ་བྱུང་སོང་།མི་ཚང་མས་ཕྲན་ལ་དགའ་པོ་བྱེད་པར་རེ་བ་ཞུ།”ཞེས་བཤད་མ་ཐག་ཏུ་ཚོགས་རའི་མི་རྣམས་ཀྱིས་ཐལ་མོ་འབྲུག་སྒྲ་ལྡིར་བ་བཞིན་རྡེབ་ནས་བོད་རིགས་ཀྱི་བུ་མོ་ཡིད་འཕྲོག་མ་འདི་ལ་རྟེན་འབྲེལ་ཞུས་པ་རེད།ཀྲུང་གོའི་ཐོག་མར་བྱུང་བའི་བོད་རིགས་ཀྱི་དེང་རབས་ཀྱི་བུ་མོ་མ་དཔེ་སྟོན་མཁན་བདེ་སྐྱིད་ཀྱིས་ལྟད་མོ་བ་རྣམས་ལ་དུས་རབས་གསར་བའི་བོད་རིགས་བུད་མེད་ཀྱི་མཚར་སྡུག་གི་ཡོན་ཏན་ངོམ་པ་རེད།
ལོ་ན་ཉི་ཤུར་སོན་པའི་བདེ་སྐྱིད་ཀྱི་གཟུགས་བོངས་ཀྱི་རིང་ཚད་ལ་ཀུང་ཕུན་༡༧༧ཡོད་ཅིང་།དུས་ཡུན་རིང་བོར་ཆེད་ལས་སྦྱང་བརྡར་དཔྱིས་ཕྱིན་པ་ཞིག་བྱས་པས།ཁོང་ལ་མ་དཔེ་སྟོན་མཁན་གྱི་ཡིད་དུ་འོང་བའི་འཕྱོར་སྒེག་གི་ཉམས་བརྒྱ་ཡོངས་སུ་རྫོགས་འདུགད་ཐེངས་ཀྱི་འགྲན་བསྡུར་ཆེན་པོའི་གདེང་འཇོག་བྱེད་མཁན་དང་།ཤང་ཀང་གི་གུ་ལིན་ཕའེ་ཀུང་སིའི་ཆེད་ལས་བཟོ་ལྟ་ཇུས་འགོད་བྱེད་མཁན་སུའུ་ཡོན་ཅིན་ལགས་ཀྱིས་འདི་སྐད།“བདེ་སྐྱིད་ནི་དངོས་གནས་མཛེས་མ་ཞིག་ཡིན་ཞིང་།དེ་ལ་ཤར་ཕྱོགས་ཀྱི་གཤིས་ལུགས་ལྡན་པ་རེད།”ཅེས་བཤད་པ་རེད།གཞན་ཡང་གདེང་འཇོག་བྱེད་མཁན་མང་པོ་ཞིག་གིས་བདེ་སྐྱིད་ལ་བསྟོད་པའི་མེ་ཏོག་ལན་བརྒྱར་ཐོར་ཞིང་།དེ་ཡང་ཀྲུང་གོའི་རྒྱལ་ཕམ་ཐག་གཅོད་པའི་འགྲན་བསྡུར་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་མ་དཔེ་སྟོན་པའི་འགྲན་བསྡུར་ཆེན་པོ་དང་ཁ་བ་ཅན་གྱི་སྲོལ་རྒྱུན་རིག་གནས་གཉིས་ཟུང་དུ་སྦྲེལ་བའི་སླད་དུ་ས་དེ་གའི་བོད་རིགས་ཀྱི་བུ་མོ་མཛེས་མ་ཞིག་བདམས་ཏེ་འགྲན་བསྡུར་དུ་ཞུགས་སུ་འཇུག་རྒྱུའི་ཐག་གཅོད་གནང་བ་རེད།བཀྲ་ཤིས་ལགས་ཀྱིས་བདེ་སྐྱིད་ནི་གཟུགས་སྐྱེས་ལུས་ཀྱི་ཆ་རྐྱེན་ཡག་པོ་ཡོད་པ་མ་ཟད།ད་དུང་བོད་ཤར་ཕྱོགས་ཀྱི་ཁམས་པའི་བུ་མོའི་བཞིན་རས་ཀྱི་ཁྱད་ཆོས་ལྡན་ཞིང་།མི་རིགས་ཀྱི་གཤིས་ལུགས་རང་ཆས་སུ་མངའ་བ་ཞིག་ཡིན་ཞེས་གསུངས་པ་རེད།གང་ལྟར་ཡང་བུ་མོ་འདི་ནི་ཕྱོགས་གང་ཅིའི་ཐད་ཀྱི་ཡོན་ཏན་ལྷུན་གྱིས་རྫོགས་པ་ཞིག་ཡིན་པས།བུ་མོ་མཛེས་མ་འདིས་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་བསྡུར་བྱེད་པའི་གར་སྟེགས་ཐོག་ནས་བོད་རིགས་ཀྱི་བལ་ལྟར་འཇམ་པའི་གཤིས་རྒྱུད་དང་།སྙིང་རྗེ་ཆེ་བའི་བསམ་པ།གུས་ལུགས་ལྡན་པའི་སྤྱོད་ལམ།

  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།: གླུ་མ་བསོད་ནམས་ཆོས་སྒྲོན་གྱི་གནས་ཚུལ་མདོར་བཀོད།
  • དོ་སྣང་ཆེ་བའི་རྩོམ།