གཏེར་སྟོན་ཆེན་པོ་ཀུན་བཟང་ཉི་མ།

མཚོ་བྱུང་བཞད་པ་རྡོ་རྗེ།        2012-10-09

གཏེར་སྟོན་ཆེན་པོ་ཀུན་བཟང་ཉི་མ་ནི༼༡༩༠༤—༡༩༥༨༽བདུད་འཇོམས་རིན་པོ་ཆེའི་གདུང་རྒྱུད་ཀྱི་ཁོངས་སུ་གཏོགས།བོད་རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག་ལོར་དབལ་ཤུལ་གསེར་རྟའི་ཡུལ་གྱི་འབྲོག་ཁྱིམ་དཀྱུས་མ་ཞིག་གི་ཁྱིམ་ཚང་དུ་སྐུ་འཁྲུངས།ཁོང་ནི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་རྣམ་སྤྲུལ་ཡིན་པར་བཤད།གྲགས་དཀར་གྱི་སྙན་པ་མདོ་ཁམས་གསེར་ལྡན་ས་ཡི་དཀྱིལ་འཁོར་གྱི་མཐའ་དབུས་ཀུན་ལ་ཁྱབ་ཡོད་པའི་གཏེར་སྟོན་ཆེན་པོ་ཞིག་ཡིན། ཁོང་གིས་སྐུ་ཚེ་ཧྲིལ་པར་གཏེར་ཆོས་གླགས་བམ་ང་གཉིས་གཏེར་དུ་ཕབ་ཡོད། གཏེར་ཆོས་དེ་དག་གི་ནང་ནས་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་སྐོར་ལ་ཡིག་འབྲུ་ཁྲི་ཚོ་བཅུ་གཉིས་ལྷག་ཡོད་པའི་གེ་སར་སྒྲུབ་ཐབས་མ་ལག་ཆ་ཚང་དང་གླིང་རྗེ་གེ་སར་རྒྱ་པོའི་ངོ་མཚར་བའི་མཐུ་སྟོབས་དང་རྫུ་འཕྲུལ་ལ་བརྟེན་ནས་གངས་ཐེའུ་རྒྱ་བློན་ཚེ་བཞི་འདུལ་ཚུལ་སྐོར་ལ་༼གངས་ཐེའུ་ར་རྫོང་༽ཕབ་ཚུལ་སོགས་ཀྱི་གཏེར་སྒྲུང་མང་པོ་ཕྱི་རབས་པའི་འདྲེན་བྱེད་མིག་གི་བདུད་རྩི་རུ་མཆིས་སོ།ཁོང་གིས་ཟབ་མོ་གཏད་རྒྱ་གནད་ལས་བཏོན་པའི་གེ་སར་སྒྲུབ་ཐབས་ནི་གསེར་རྟ་གཙོ་བོ་ཡིན་པའི་རྙིང་མའི་དགོན་སྡེ་ཁག་གི་ཆོས་ལུགས་ཆོ་གའི་སྲོལ་དུ་བཞག་སྟེ་མུ་མཐུད་རྒྱུན་ཆགས་ཀྱིས་རྒྱུད་འཛིན་གནང་དང་གནང་མུས་སུ་ཡོད་པ་ལགས་སོ། །ཁོང་ནི་ཤུལ་བཞག་ཏུ་གནང་ཡོད་པའི་གཏེར་སྒྲུང་སྐོར་ལ་༼གླིང་སྒྲུང༽ཞིབ་འཇུག་གནང་མཁན་གྱིས་ཚད་མཐོན་པོའི་གདེང་འཇོག་གནང་གི་ཡོད་པ་དང་།གེ་སར་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བར་ཕུན་སུམ་ཚོགས་པའི་རྒྱུ་ཆ་ཞིག་ཏུ་གྱུར་ཡོད་པ་ལགས་སོ། །
  • ལེ་ཚན་སྔོན་མ།:པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན།
  • ལེ་ཚན་རྗེས་མ།:གཏེར་སྟོན་ཆེན་པོ་སེ་ར་ཡང་སྤྲུལ།
  • རྩོམ་གསར། 10