དབུས་གཙང་དུ་དར་ཁྱབ་ཆེ་བའི་ཆང་སྣོད—རྫབ་ཕོར།

        2011-08-31

བོད་ཁུལ་དུ་ནས་ཆང་འདྲེན་པ་ནི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་རེད།མི་རྣམས་ཀྱི་ཞིང་ལས་གཞོལ་བའི་བར་གསེང་ལའང་ནས་ཆང་མཆོད་བཞིན་ཡོད།ཡིན་ནའང་ཆང་ཕོར་གྱི་མཐིལ་དུ་རྩམ་པ་ཏོག་ཙམ་སྐྱོན་བཞིན་ཡོད།དེ་ནི་ནས་ཆང་གི་ཆང་བཅུད་གར་ཚད་སླ་རུ་གཏོང་ཆེད་ཡིན་པས་འདི་འདྲ་བྱས་ན་གཅིག་ནས་ངལ་རྩོལ་འཐུས་ཞོར་མི་ཡོང་བ་དང་།གཉིས་ནས་སྐོམ་པ་སེལ་བཞིན་ཡོད་པ་རེད།དུས་ཆེན་སྐབས་སུ་སྤྱོད་པའི་ཆང་སྣོད་ནི་དེ་བས་སྤུས་ཀ་དག་པོ་ཡོད་དེ།རྫབ་ཡ་ལས་བཟོས་པའི་རྫབ་ཕོར་གྱི་མཐའ་འཁོར་དང་ཞབས་རྒྱན།ཞབས་མཐིལ་བཅས་སུ་དངུལ་ལམ་གསེར་གྱིས་བརྒྱན་པ་དེ་གཅིག་ནས་མཛེས་ཆར་འགྱུར་ལ།གཉིས་ནས་ཉམས་མདངས་མངོན་ཐུབ་པ་དང་།ལྷག་པར་དུ་ཞིང་ཁུལ་དུ་འཁྲུངས་ས་སྐྱོན་པའི་ཚེ་ཚོམས་ཁང་གི་དབུས་སུ་ནས་ཆང་བསིལ་མས་བྱུར་བུར་བཏམས་པའི་རྫ་མ་ཞིག་འཛུགས་བཞིན་ཡོད་པ་དེའི་མཐའ་འཁོར་དུ་དངུལ་ལས་བཟོས་པའི་ཆང་སྣོད་དུ་མཆོད་ཆང་འདྲེན་བྱེད་ཀྱི་ཟངས་སྐྱོག་འགའ་ཤས་འགེལ་སྲོལ་ཡོད་པ་རེད། རྐྱན་ཞེས་པའི་མིང་དེའང་ཆང་རྐྱན་གྱི་རྩེ་མོ་བཀའ་རྒྱུད་པའི་དགེ་འདུན་གྱི་ཞྭ་མོ་དང་འདྲ་བའི་ཆ་ནས་བཏགས་པ་ཡིན་ཞིང་།
བོད་རིགས་མི་དམངས་ཚོས་ནང་པའི་བསྟན་པ་ལ་དད་མོས་ཆེ་བའི་དབང་གིས་ཆང་སྣོད་ཀྱི་བཟོ་ལྟ་དེ་མཚོན་དཔེ་ཞིག་གྱུར་ཡོད་པ་དང་།སྤུས་ཀ་དང་ཆེ་ཆུང་ནི་འདྲ་མིན་སྣ་ཚོགས་མཆིས་ཁར།བེད་སྤྱོད་བྱེད་པའི་ཁྱབ་ཁོངས་ཀྱང་ཧ་ཅང་ཆེན་པོ་ཡོད་པ་རེད།དེ་ལ་རྫ་ལས་བཟོས་ཤིང་ངོས་སུ་བཀྲ་ཤིས་རྫས་བརྒྱད་ལ་སོགས་པའི་ཚོན་ཁྲ་ཅན་གྱི་རི་མོ་བཀོད་པ་དང་།ཟངས་ལས་ཤིང་བཟོས་ཤིང་ལྟོ་བ་དང་མཆུ་ཏོར་དངུལ་གྱི་ཕྲ་རྒྱན་གྱིས་སྤྲས་ཡོད།འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་སུ་བཀོད་པ་ལྟར་ན།དངུལ་གཙང་ལས་བཟོས་པའི་དངུལ་རྐྱན་ཡོད་པ་དེ་ཕལ་ཆེ་བ་ལྷ་སའི་དབུས་གཙང་ས་ཁུལ་དུ་དར་ཁྱབ་ཆེ་བ་རེད།
  • ལེ་ཚན་སྔོན་མ།:ཨ་མདོ་དང་འབྲོག་ཁུལ་དུ་དར་ཁྱབ་ཆེ་བའི་ཆང་སྣོད་རིགས་གསུམ།
  • ལེ་ཚན་རྗེས་མ།:དམངས་ཁྲོད་ཀྱི་ཇ་བཤད་རིག་གནས།