བོད་དུ་ཆེས་སྔ་མར་དར་བའི་ཆང་སྣོད་ལས་སྟངས།

        2011-08-31

བོད་ཀྱི་ཆང་རག་ལས་སྟངས་ཀྱི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན་མོད།འོན་ཀྱང་མི་རིགས་ཀྱི་སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་མཚོན་པའི་ཆང་སྣོད་ནི་རིག་གནས་དེའི་བདེན་དཔང་གལ་ཆེན་ཞིག་ཡིན།འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་སུ་འཚམས་སྦྱོར་བྱས་པར་གཞིགས་ན།བོད་ས་ཁུལ་དུ་ཆེས་སྔ་ཤོས་ཀྱི་ཆང་སྣོད་ནི་ལྷ་སའི་ཆུ་གོང་གནའ་ཤུལ་ལས་ཐོན་པའི་ལོ་ངོ་སུམ་སྟོང་སྔོན་གྱི་རྫ་བཟོས་ཆང་ཕོར་བར་འདེད་ཆོག ཆང་ཕོར་འདི་དག་ཕལ་ཆེ་བ་བྱེ་ཞིབ་བསྲེས་པའི་རྫ་ས་ནག་པོ་གཙོ་བོར་བྱས་པ་ལས་གྲུབ་ཅིང་།ངོས་ནི་བརྡར་བ་ལས་འཇམ་ཤ་ཐོན་ཡོད་པ་དང་།སྣོད་ཆས་ཐོག་བརྐོས་པའི་རི་མོ་ནི་ཕལ་ཆེ་བ་དབྱིབས་གཟུགས་རྒྱན་རིས་ཡིན་པ་དང་།སྐབས་དེའི་དུས་ཀྱི་རྫ་ཆས་བཟོ་རྩལ་བོད་ས་ཁུལ་གྱི་ཆེས་ཐོག་མའི་ཤེས་རིག་ཁྲོད་ཆེས་མཐོ་ཤོས་དེ་ཡིན་པར་འདྲ།མཚོ་བོད་མཐོ་སྒང་དུ་འཚོ་གནས་བྱས་པའི་མེས་པོ་ཚོས་བཟོ་རྩལ་ཞིབ་ཕྲ་མིན་པའི་ཆང་སྣོད་འདི་དག་ལ་བརྟེན་ནས་དུས་སྔ་མའི་ཆང་རག་གི་རིག་གནས་དར་སྤེལ་བཏང་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཆང་སྣོད་ཀྱི་གཟུགས་དབྱིབས་ཐོག་ནས་གོ་དོན་མཚོན་བྱེད།
  • ལེ་ཚན་རྗེས་མ།:ཁམས་ཕྱོགས་སུ་དར་ཁྱབ་ཆེ་བའི་ཆང་སྣོད—ཤིང་ཟོམ།