ཆང་སྣོད་ཀྱི་གཟུགས་དབྱིབས་ཐོག་ནས་གོ་དོན་མཚོན་བྱེད།

        2011-08-31

བོད་རིགས་མི་དམངས་ཀྱི་སྡོད་ཁུལ་ནི་ས་བབ་ཁོར་ཡུག་དང་འཚོ་བ་སྐྱེལ་སྟངས་མི་གཅིག་པའི་རྐྱེན་གྱིས་སྤུས་ཚད་དང་བཟོ་དབྱིབས།འདྲ་མིན་སྣ་ཚོགས་ཀྱི་ཆང་སྣོད་ཐོན་པ་རེད།དཔྱད་གཞིའི་ཡིག་རིགས་སུ་ངོ་སྤྲོད་བྱས་པ་ལྟར་ན།རྫ་བཟོས་ཆང་སྣོད་བཟོ་སྲོལ་ནི་བོད་ས་ཁུལ་གྱི་ཞིང་ཁུལ་དུ་དར་ཁྱབ་ཆེན་པོ་ཡོད་ཅིང་།དེ་དག་གི་ཁྲོད་ལས་ཆང་སྣོད་གོང་མོ་ཅན་འདི་རིགས་ནི་དེང་སང་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཆང་སྣོད་ཅིག་ཡིན།གོང་མོ་ནི་མཚོ་བོད་མཐོ་སྒང་ཁོ་ནར་ཡོད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང་།དེས་དབྱར་རྩྭ་དགུན་འབུ་གཙོ་ཟས་སུ་བྱས་ཏེ་འཚོ་ཞིང་།ཞིང་ཁུལ་གྱི་མི་ཚོས་གང་དེའི་བཟོ་དབྱིབས་ཆང་སྣོད་དུ་བྱེད་པ་དེའང་ཆང་རག་གི་ཆང་སྣོད་འདི་འདྲའི་ནང་དུ་བླུགས་ནས་འདྲེན་ཚེ་གཅིག་ནས་སྨན་ཆང་གི་ཤུགས་བསྟན་གོ་དོན་ཡོད་ལ་བཟོ་དབྱིབས་ཀྱང་མིག་ལ་མཛེས་པོ་ཡོད།ཕྱོགས་གཞན་ཞིག་ནས་གང་དེས་བོད་རིགས་མི་དམངས་ཀྱི་ཕུན་སུམ་ཚོགས་པའི་བསམ་བློའི་འཆར་སྣང་མཚོན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བོད་ཀྱི་ནས་རག་ལས་སྟངས།
  • ལེ་ཚན་རྗེས་མ།:བོད་དུ་ཆེས་སྔ་མར་དར་བའི་ཆང་སྣོད་ལས་སྟངས།