སྡོད་ཁང་ཐད་སྲིད་ཇུས་གསར་པ་ཞིག་བཏོན་འདུག

    མི་དམངས་དྲ་བ་ནས་དྲངས།    2024-10-08

 ཉེ་ཆར། ཀྲུང་གོའི་མི་དམངས་དངུལ་ཁང་དང་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་དགོས་མཁོའི་རང་བཞིན་དང་སྣ་མང་ཅན་གྱི་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱེད་པ། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་ཀྱི་སྲིད་ཇུས་ལེགས་སུ་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད།

དངུལ་བུན་གཡར་ནས་སྡོད་ཁང་ཉོ་མཁན་གྱི་གྲོང་མིའི་ཁྱིམ་ཚང་ལ་ཆ་མཚོན་ན། ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་དེ་སྡོད་ཁང་ཐོག་མ་དང་གཉིས་པའི་དབྱེ་བ་མི་འབྱེད་པར་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་དེ་གཅིག་གྱུར་ཐོག་15%ལས་མི་དམའ་བ་གཏན་འཁེལ་བྱས་པ་རེད།

རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་ཀྱི་རྨང་གཞིའི་ཐོག ཀྲུང་གོའི་མི་དམངས་དངུལ་ཁང་གི་ཞིང་ཆེན་རིམ་པའི་ཡན་ལག་དངུལ་ཁང་ཁག་དང་། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་མངགས་གཏོང་སྒྲིག་གཞི་ཁག་གིས་གྲོང་ཁྱེར་གྱི་གནས་ཚུལ་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱེད་པའི་རྩ་དོན་དང་། ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་ཁག་གི་སྲིད་གཞུང་གི་སྙོམས་སྒྲིག་ཚོད་འཛིན་བླང་བྱ་གཞིར་བཟུང་། ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་ཁག་ལ་ཧེ་བག་ཅན་གྱི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་མིན་རང་བདག་གིས་གཏན་འཁེལ་བྱེད་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་ཁག་གི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་ཀྱི་ཚད་གཞི་དམའ་ཤོས་ཀྱི་སྲིད་ཇུས་གཏན་འཁེལ་བྱ་རྒྱུ་རེད། ཉེ་ཆར། ཀྲུང་གོའི་མི་དམངས་དངུལ་ཁང་དང་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་དགོས་མཁོའི་རང་བཞིན་དང་སྣ་མང་ཅན་གྱི་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱེད་པ། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་ཀྱི་སྲིད་ཇུས་ལེགས་སུ་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད།

དངུལ་བུན་གཡར་ནས་སྡོད་ཁང་ཉོ་མཁན་གྱི་གྲོང་མིའི་ཁྱིམ་ཚང་ལ་ཆ་མཚོན་ན། ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་དེ་སྡོད་ཁང་ཐོག་མ་དང་གཉིས་པའི་དབྱེ་བ་མི་འབྱེད་པར་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་དེ་གཅིག་གྱུར་ཐོག་15%ལས་མི་དམའ་བ་གཏན་འཁེལ་བྱས་པ་རེད།

རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་ཀྱི་རྨང་གཞིའི་ཐོག ཀྲུང་གོའི་མི་དམངས་དངུལ་ཁང་གི་ཞིང་ཆེན་རིམ་པའི་ཡན་ལག་དངུལ་ཁང་ཁག་དང་། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་མངགས་གཏོང་སྒྲིག་གཞི་ཁག་གིས་གྲོང་ཁྱེར་གྱི་གནས་ཚུལ་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱེད་པའི་རྩ་དོན་དང་། ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་ཁག་གི་སྲིད་གཞུང་གི་སྙོམས་སྒྲིག་ཚོད་འཛིན་བླང་བྱ་གཞིར་བཟུང་། ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་ཁག་ལ་ཧེ་བག་ཅན་གྱི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་མིན་རང་བདག་གིས་གཏན་འཁེལ་བྱེད་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་ཁག་གི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་ཀྱི་ཚད་གཞི་དམའ་ཤོས་ཀྱི་སྲིད་ཇུས་གཏན་འཁེལ་བྱ་རྒྱུ་རེད།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་གཞུང་དོན་ཁང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་6ལ་ཁྲིམས་སྐྱོང་ལྟ་ཞིབ་བྱས་པ།
  • ལེ་ཚན་རྗེས་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10