ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་76འཁོར་བར་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

    མི་དམངས་ཉིན་རེའི་ཚགས་པར།    2024-10-10

ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་76འཁོར་བར་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་76འཁོར་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།      ཞི་ཅིན་ཕིང་གིས་གསུངས་དོན། ལོ་76རིང་། ཁྲའོ་ཞན་ངལ་རྩོལ་ཏང་གི་འགོ་ཁྲིད་འོག་ཁྲའོ་ཞན་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་ཁྲའོ་ཞན་གྱི་ཏང་གི་ཚོགས་ཆེན་བརྒྱད་པ་དང་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པས་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད།     བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོ་བོ་གནང་བའི་ཁྲའོ་ཞན་ངལ་རྩོལ་ཏང་གི་འགོ་ཁྲིད་འོག ཁྲའོ་ཞན་མི་དམངས་ཀྱིས་ཁྲའོ་ཞན་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་རྒྱལ་ཁ་དེ་བས་ཆེ་བ་ལེན་ཐུབ་པའི་ཡིད་ཆེས་ཡོད།     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཁྲའོ་ཞན་དབར་རི་ཆུས་འབྲེལ་བ་དང་ལོ་རྒྱུས་རིང་བའི་སྲོལ་རྒྱུན་མཛའ་གཅུགས་གསེར་ལས་ལྷག ད་ལོ་ནི་ཀྲུང་ཁྲའོ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་དང“ཀྲུང་ཁྲའོ་མཛའ་གྲོགས་ལོ”རེད། དུས་སྐབས་གསར་པ་དང་དུས་བབ་གསར་པའི་འོག ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་ཁྲའོ་འབྲེལ་བར་ལྟ་སྟངས་བཟུང་སྟེ་ཁྲའོ་ཞན་ཕྱོགས་དང་འཐབ་ཇུས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཁྲའོ་སྲོལ་རྒྱུན་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བར་མཉམ་དུ་སྲུང་སྐྱོང་དང་། སྲ་བརྟན། འཕེལ་རྒྱས་བཅས་ཡག་པོ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་པ་བཅས་བྱས་ཏེ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཏི་ས་ནཱ་ཡ་ཁེས་སི་རི་ལན་ཁའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ལྷོ་སུའུ་ཏན་གྱི་ཙུང་ཐུང་ཅི་ཨེར་དང་མཇལ་འཛོམས་གནང་བ།
  • དོ་སྣང་ཆེ་བའི་རྩོམ།