དཔྱིད་དཔལ་བུ་མོ་འབའ་ཐང་ནོར་བུ་ས་ཆར་ལྟད་མོར་ཕེབས།

2022/3/11 9:23:21 སྐལ་བཟང་ཚེ་རིང་གིས་པར་བླངས།


དཔྱིད་དཔལ་བུ་མོའི་འཛུམ་མདངས་ཡངས་པའི་སྤང་ཐང་དང་མཐོ་བའི་རི་བོ། དམའ་བའི་གཙང་བོའི་འགྲམ་སོགས་མཐོ་སྒང་གི་རི་ལུང་ཀུན་ལ་ཡོངས་སུ་བཞད། འབའ་ཐང་ནོར་བུ་ས་ཆའི་དཔྱིད་འགོ་མེ་ཏོག་བཞད་པའི་དུས་ནི་ས་ཆ་གཞན་མང་པོ་ལས་སྔ་ཞིང་། ལས་ལ་བརྩོན་པའི་རོང་ཡུལ་གྱི་ཞིང་སྡེ་སོ་སོས་སོ་ནམ་ལས་ཀ་སྤེལ་བའི་བརྡ་གཏོང་བ་ནང་བཞིན་རེད།

དཔྱིད་འགོ་མེ་ཏོག་དེས་དགའ་སྤྲོ་དང་། དཔའ་མཛངས། ཞི་བདེ་བཅས་ཀྱི་དོན་སྙིང་མཚོན་ཡོད་ལ། དཔྱིད་འགོ་མེ་ཏོག་གིས་ས་གཞིར་མཛེས་མདངས་དང་གསོན་ཤུགས་སྔར་ན་མེད་པ་ཞིག་སྦྱིན་པ་དང་ཆབས་ཅིག། མི་རྣམས་ལ་རེ་བ་ཆེན་པོ་ཡང་སྩོལ་ལོ།།