ཡུལ་ལུང་ཀུན་ཏུ་འོ་སེ་མེ་ཏོག་བཞད།། མཛེས་པའི་ཡུལ་སྡེ་སྦས་ལུང་དཔལ་ལ་འགྲན།།

2021/6/17 8:35:11 ཡན་ཅ་ཁྲོན་གྱིས་པར་བླངས།



ཡན་ཅ་ཁྲོན་གྱིས་པར་བླངས།

ཡན་ཅ་ཁྲོན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དཀར་མཛེས་ཁུལ་ཁྲལ་དོན་ཅུས་སུ་ལས་ཀ་བྱེད་བཞིན་ཡོད། ལས་ཞོར་པར་ལེན་རྒྱག་རྒྱུ་ལ་དགའ་པོ་ཡོད་པ་རེད།2013ལོ་ནས་ད་བར་ངལ་གསོའི་ཉིན་མོ་དང་བསྟུན་ནས་དཀར་མཛེས་ཁུལ་གྱི་ས་གནས་ཁག་ལ་བསྐྱོད་པ་དང་།པར་ཆས་ལ་བརྟེན་ནས་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ཟིན་ཐོ་བཀོད་དང་འགོད་བཞིན་ཡོད་པ་རེད། སྔོན་ཁོའི་པར་རིས《ཀྲུང་གོའི་རྒྱལ་ཁབ་ས་གཤིས》སོགས་རྒྱལ་ཁབ་ནང་ཁུལ་གྱི་དུས་དེབ་དང་ཚགས་པ་ཐོག་སྤྱད་མྱོང་། པར་རིས་འདི་ཚོ་ནི2021ལོའི་སྤྱི་ཟླ5པར་དར་མདོ་གྲོང་ཁྱེར་གྱི་ལྕགས་གད། བོན་པོ་ཤུལ། འགག་པ་བཅས་ཡུལ་ཤོག་སོགས་ལ་པར་བརྒྱབ་པ་ཡིན་ལ། དེའི་ཐོག་ནས་གཙོ་བོ་ཉེ་བའི་ལོ་ཤས་རིང་དབུལ་ཐར་འགག་སྒྲོལ་བྱས་རྗེས་ས་གནས་དེ་གའི་འཕེལ་རྒྱས་དང་འགྱུར་ལྡོག། མི་སེར་གྱི་དུས་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བ་མཚོན་བཞིན་ཡོད་པ་རེད།