མེ་ཏོག་གི་ཞིང་ཁམས། ཁམས་སྡེ་རོང་རྫོང་།

2021/5/11 8:30:58


   ཀྲུང་གོའི་ནུབ་རྒྱུད་ཀྱི་ཉི་མ་ལུང་པ་ཞེས་གྲགས་པ་འབར་བའི་ཁམས་ཀྱི་སྡེ་རོང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་སྒོ་ཆེན་པོ་ཡིན་པ་དང་མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2869ཡོད། རྫོང་ཡོངས་ལ་མི་གྲངས་ཁྲི2.5ཡོད་པ་དང་བོད་རིགས་ནི་གཙོ་བོའི་མི་རིགས་ཡིན་པས་བརྒྱ་ཆའི97ཟིན་ཡོད། ད་དུང་རྒྱ་རིགས་དང་འཇའ་རིགས་སོགས་མི་རིགས་མང་པོ་ཡོད། རྫོང་མཁར་ལ་མཚོ་འཕགས་སྨི2301ཡོད་ཅིང་། སྡེ་རོང་རྫོང་གི་ཤར་ཕྱོགས་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླ་རྫོང་དང་འབྲེལ་ཡོད་པ་དང་། ལྷོ་ནུབ་ཏུ་ཡུན་ནན་ཞིང་ཆེན་གྱི་འཇོལ་རྫོང་ནས་ཕར་ཚུར་མཐོང་ཐུབ། བྱང་ཕྱོགས་སུ་འབའ་ཐང་དང་ཕྱག་ཕྲེང་རྫོང་དང་ས་མཚམས་འབྲེལ་ཡོད། ཤར་མཐོ་ནུབ་དམའ་བའི་ས་དབྱིབས་ལས་དམིགས་བསལ་ཅན་གྱི་ལུང་པའི་རང་བྱུང་ཡུལ་ལྗོངས་ཆགས་ཡོད།

     དཔྱིད་ཀྱི་དཔལ་ཡོན་མཐོ་སྒང་གི་རི་ཀླུང་ཀུན་ན་ཤར་ཞིང་། ཁམས་ཀྱི་སྡེ་རོང་རྫོང་གི་མངའ་ཁོངས་ཀྱི་གངས་རིའི་འདབས་དང་། གྲོ་ཞིང་ཁ། བོད་ཁང་དཀར་པོ་སོགས་ཀྱི་མཐའ་འཁོར་ཀུན་ཏུ་ཁམ་བུའི་མེ་ཏོག་མཛེས་པར་བཞད་པས་སྡེ་རོང་རྫོང་གི་ཁོར་ཡུག་ཚང་མ་མེ་ཏོག་གི་ཞིང་ཁམས་ཤིག་ཏུ་གྱུར། 

     ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་བཞིན་པའི་ལོ་འདི་དག་གི་རིང་ལ་སྡེ་རོང་རྫོང་སྲིད་གཞུང་གིས་ཁམ་བུའི་མེ་ཏོག་མང་བའི་གྲོང་གསེབ་ཏུ་ལྗོངས་གཟིགས་སྟེགས་བུ་བསྐྲུན་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་ལ་དམིགས་ནས། ཡུལ་སྐོར་ཞབས་ཞུའི་སྒྲིག་ཆས་མུ་མཐུད་ལེགས་བཅོས་བྱས་ཤིང་། གྲོང་མི་ཚོའི་ཡོང་འབབ་འཕར་སྣོན་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་འབྲས་བུ་སྲ་བརྟན་དུ་གཏོང་དགོས་པའི་ཁྲིད་སྟོན་བྱས་ཡོད།