ལྕགས་ཟམ་ཁ་ལ་པད་ཁའི་མེ་ཏོག་གི་རྒྱ་མཚོ་འཁྱིལ།

2023/4/4 9:07:28


དཔྱིད་འགོ་ཚུགས་པའི་དུས་དང་བསྟུན་ནས་རང་ཁུལ་མཚོ་འཕགས་དམའ་བའི་ལྕགས་ཟམ་རྫོང་མཁར་དང་བར་ཐག་སྤྱི་ལེ20ལྷག་ཡོད་པའི་སྡེ་དབུས་གྲོང་རྡལ་ཐེན་པཱ་གྲོང་སྡེའི་ཞིང་ར་ཀུན་ཏུ་པད་ཁའི་མེ་ཏོག་ཡོངས་སུ་བཞད། གང་སར་ས་གདན་སེར་པོ་ཞིག་གིས་བརྒྱན་པ་ནང་བཞིན་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་སྡོད་གནས། ཡུལ་སྡེ་དར་རྒྱས་བཅས་ཀྱི་རི་མོ་མཛེས་སྡུག་ལྡན་པ་ཞིག་མིག་ལམ་དུ་མངོན།

       ཞིང་དུ་པད་ཁའི་མེ་ཏོག་ལ་ལྟད་མོ་ལྟ་མཁན་ཡུལ་སྐོར་བ་རྣམས་ཀྱིས་སྤྲོ་སེམས་འཕེལ་བའི་ངང་ནས་མཛེས་ལྗོངས་ལ་བསྟོད་བསྔགས་བརྗོད་ཞོར་པར་ཆས་དང་ཁ་པར་ནས་པར་ལེན་པར་བྲེལ་བཞིན་ཡོད།

      ཤེས་རྟོགས་བྱུང་བར་གཞིགས་ན། ལྕགས་ཟམ་རྫོང་གི་པད་ཁའི་མེ་ཏོག་བཞད་པའི་དུས་ཚོད་ནི་སྤྱི་ཟླ3པའི་ཟླ་དཀྱིལ་ནས་ཟླ་སྨད་བར་ཡིན་ལ། གཞན་ཡང་ཡུལ་ཤོག་དང་གྲོང་རྡལ་ཁག་གི་སེའུ་མེ་ཏོག་དང་ཁམ་བུའི་མེ་ཏོག་ཀྱང་རིམ་གྱི་བཞད་གྲབས་ཡོད་པས། ཡུལ་སྐོར་བ་ཚོས་ལྕགས་ཟམ་ཁའི་མཛེས་ལྗོངས་ཕུན་སུམ་ཚོགས་པོར་རོལ་བའི་དུས་དང་འཁེལ་ཡོད།།