སྤྱི་ཟླ2པའི་རང་ཁུལ་གྱི་ཡུལ་ལྗོངས་ལྷག་ཏུ་མཛེས།

2023/2/24 10:04:28 ཡེ་ཤེས་ཀྱིས་བྲིས།


  སྤྱི་ཟླ2པའི་ཡུལ་སྐོར་གྱི་འགོ་བཙུགས་ཟིན། དུས་ཚིགས་འདིར་དཀར་མཛེས་ཁུལ་གྱི་ཡུལ་ལྗོངས་ནི་ཤིན་ཏུ་མཛེས་ཤིང་མཛེས་རྩལ་མཁན་པོའི་སོར་རྩེ་ནས་ཐོན་པ་དང་རིགས་སུ་མཐུན། དགུན་དུས་ཀྱི་ཉི་གཞོན་དྲོ་སྐྱིད་ལྡན་ཞིང་། ཁ་བ་དྭངས་ཤིང་གཙང་ལ། རང་བྱུང་ཆུ་ཚན་ཕུན་སུམ་ཚོགས་པས་ཡུལ་སྐོར་བ་རྣམས་ལ་ལུས་བདེ་སེམས་སྐྱིད་ཀྱི་ཚོར་བ་ངམ་ཤུགས་སུ་སྐྱེས།

     ཁ་བ་ཐེངས་གཅིག་བབས་པའི་རྗེས་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོས་གོས་དཀར་གསར་རྐྱང་ཞིག་བཀླུབས་ནས་ལྷིང་འཇགས་ཀྱི་རང་མདངས་བསྟན། འདབ་པའི་ཉི་སྟེན་དང་མི་རྒོད་མཚོ། ར་རྔ་ཁ་སོགས་དཀར་མཛེས་ཁུལ་ཡོངས་སུ་བྱིས་སྒྲུང་གི་འཇིག་རྟེན་ལྟར་མཚར་སྡུག་རབ་ཏུ་འབར། ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་ལ། གནམ་སའི་བར་གྱི་གངས་རི་དང་རྩྭ་ཐང་། མཚེའུ། ནོར་ལུག་སོགས་སྐྱེ་དངོས་ཡོངས་ལ་ལྷད་མེད་ཀྱི་ཁ་དོག་དང་གསོན་ཤུགས་མངོན་ཞིང་། ཡུལ་གཞན་གྱི་རྨི་ལམ་དུ་ཤར་སྲིད་པའི་མཛེས་ལྗོངས་དག་དཀར་མཛེས་ཁུལ་དུ་དབང་ལྔའི་ལོངས་སྤྱོད་བྱ་ཡུལ་དུ་གྱུར་ཡོད།

     ཡང་སྒོས་སུ་དཀར་མཛེས་ཁུལ་དུ་རང་བྱུང་ཆུ་ཚན་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཡུལ་སྐོར་བ་ཚོས་ཆུ་ཚན་དུ་ལུས་པོ་སྦོང་ཞོར་མཛེས་ལྗོངས་ལ་ལྟ་ཆོག་ཅིང་། ཚ་སྨུག་ཁྲོད་དུ་འབེལ་གཏམ་གླེང་རེས་ཀྱང་བྱེད་ཆོག། དེའི་ཚེ་འགྲུལ་བཞུད་ཀྱི་དཀའ་སྡུག་སྐད་ཅིག་ཉིད་ལ་སེལ་འགྲོ་བ་རེད།།