སྟོན་དུས་རྟའུ་ཡི་མཛེས་ལྗོངས།

2022/11/9 8:42:43


    རྟའུ་རྫོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་དཔལ་རིག་གསུམ་གྱི་ལྟེ་གནས་དར་མདོའི་བྱང་ཕྱོགས་སུ་གནས་ཤིང་། ཤར་དུ་དར་མདོ་མདོ་རྫོང་དང་འབྲེལ་ཞིང་། ཤར་བྱང་ཕྱོགས་སུ་རོང་བྲག་རྫོང་དང་འབྲེལ་མཚམས་སུ་ཆགས། བྱང་ནས་རྔ་བ་ཁུལ་ཆུ་ཆེན་རྫོང་གི་ས་མཚམས་དང་འབྲེལ་ཞིང་། ནུབ་ནས་བྲག་མགོ་རྫོང་དང་འབྲེལ། ལྷོ་ནས་ཉག་ཆུ་རྫོང་བཅས་ཀྱི་ས་མཚམས་སུ་ཆགས་ཡོད། རྟའུ་རྫོང་ལ་དམངས་ཁྲོད་ཀྱི་རིག་གནས་ཕུན་སུམ་ཚོགས་ཤིང་དེ་དག་ལས་རྟའུ་ཉི་མཚོ་དགོན་པའི་མར་རྒྱན་བཅོ་ལྔ་མཆོད་པ་དང་། མགར་ཐར་དགོན་པའི་ལྷ་མོ་ཟློས་གར། འདྲ་པའི་ཨ་འགྲོག་གཉེན་སྲོལ་དང་། མགར་ཐར་གནའ་བྲོ་དང་གཉེན་སྟོན་གཏམ་བཤད། མགར་ཐར་རྟ་རྒྱུག། བོད་ཁང་བཟོ་རྩལ་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ལ་སྙན་པའི་གྲགས་པ་ཁྱབ། དེ་བཞིན་རྟའུ་རྫོང་གི་སྟོན་ཁ་ནི་ས་གཞི་ཡོངས་སུ་གསེར་གྱི་གོས་བཟང་བཀླུབས་པ་དང་མཚུངས། ནགས་རྫོབ་སྟུག་པོར་ཚོན་མདངས་སྣ་ལྔ་བཀྲག་ནས་སྤྱི་ལེ་གྲུ་བཞི་མ་ཁྲི༧༥༤༦གྱི་ས་གཞི་ཡོངས་སུ་སྟོན་ཁའི་མཛེས་ཉམས་ཀྱིས་ཕྱུག་པའི་བདེ་སྐྱིད་དཔལ་དུ་འབར།། ( ཡེ་ཤེས་ཀྱིས་བསྒྱུར།)