མེ་ཏོག་རྒྱ་མཚོ་འཁྱིལ་བའི་དཔྱིད་དུས་ཀྱི་དར་རྩེ་མདོ།

2022/4/13 9:11:35 ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།


དཔྱིད་ཀྱི་བུ་མོ་ས་གཞིར་མགྲོན་དུ་ཕེབས་ཚེ། རྩི་ཤིང་གིས་སྔོ་ལྗང་གོས་བཟང་བཀླུབས་པ་དང་། མེ་ཏོག་ཕན་ཚུན་མཛེས་སྡུག་འགྲན་པ་བཞིན་རབ་ཏུ་བཞད་ལ། ཕྱེ་མ་ལེབ་དང་རྐང་དྲུག་བུང་བས་དགའ་བའི་གླུ་ལེན་ཞིང་འཕུར་ལྡིང་གར་ལ་རོལ་བ་སོགས་སྐྱེ་དངོས་ཐམས་ཅད་ལ་ཚེ་སྲོག་གི་འཚོ་བཅུད་གསར་པ་ཞིག་ཐོབ་པ་ནང་བཞིན་གསོན་ཉམས་འཕེལ་འགོ་ཚུགས་པ་རེད།

དར་མདོའི་མཛེས་ལྗོངས་ནི་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པའི་རང་བྱུང་གི་ལེགས་སྐྱེས་ངོ་མཚར་ཅན་ཞིག་ཡིན་ལ། ལྷག་པར་མེ་ཏོག་སྣ་བརྒྱ་བཞད་པའི་གནས་མཆོག་དར་རྩེ་མདོ་ནི་དེ་བས་ཀྱང་ཡིད་དབང་འཕྲོག་པ་ཞིག་པ་རེད། །