ཚེས25ཉིན་ནས་རྒྱལ་ལམ318ལམ་མཚམས་འདིར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ།

        2026-05-25

སྤྱི་ཟླ5པའི་ཚེས20ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱིས2026ལོའི་རྒྱལ་ལམ318འགོག་སྲུང་སྤྱིལ་བུ་བཤིག་པའི་ལས་གཞི་རྣམ་གྲངས་ཀྱི་འགྲིམ་འགྲུལ་བཀག་སྡོམ་གྱི་བརྡ་ཁྱབ་བསྒྲགས། 

གནས་ཚུལ་ཞིབ་ཕྲ་གཤམ་གསལ་ལྟར། 

↓↓↓

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། 

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས། 

2026ལོའི་རྒྱལ་ལམ318འགོག་སྲུང་སྤྱིལ་བུ་བཤིག་པའི་ལས་གཞི་རྣམ་གྲངས་ཀྱི་འགྲིམ་འགྲུལ་བཀག་སྡོམ་གྱི་བརྡ་ཁྱབ། 


   རྒྱལ་ལམ318ལྕགས་ཟམ་རྫོང་དཔའ་རྟུལ་ལམ་གྱི་འགོག་སྲུང་སྤྱིལ་བུ་བཤིག་པའི་ལས་གཞི་རྣམ་གྲངས་གོ་རིམ་ལྡན་པའི་སྒོ་ནས་ལག་ལེན་བསྟར་ནས་འགྲོ་སྐྱོད་རླངས་འཁོར་ཉེན་མེད་ཡོང་བར་འགན་ལེན་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》《སི་ཁྲོན་ཞིང་ཆེན་གྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས>ལག་བསྟར་བྱ་ཐབས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཨར་ལས་བྱེད་རིང་རྒྱལ་ལམ318ལྕགས་ཟམ་རྫོང་དཔའ་རྟུལ་ལམ་གྱི་ལམ་མཚམས་ཁག་གཅིག་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་གཏན་ལ་ཕབ། 

གཅིག། བཀག་སྡོམ་ལམ་མཚམས་དང་དུས་ཚོད། བཀག་སྡོམ་བྱེད་སྟངས་དང་སྐོར་སྐྱོད་ལམ་ཐིག།

1. བཀག་སྡོམ་ལམ་མཚམས། 

   རྒྱལ་ལམ318ལྕགས་ཟམ་རྫོང་གི་ཟམ་གསར་འཇའ་ཚོན་ཟམ་པའི་ནུབ་ངོགས(ཕུར་ཨངK2805+950)ནས་རྒྱལ་ལམ318ལྕགས་ཟམ་རྫོང་ཟམ་གསར་ལུའུ་ཤིན་ཟམ་ཆེན་གྱི་ནུབ་ངོགས(ཕུར་ཨངK2805+650)བར་ཡིན་ཞིང་། ལམ་མཚམས་རིང་ཚད་ལ་སྨི300ཡོད་པ་དང་དེའི་ནང་དངོས་གཞིའི་ཨར་ལས་ཀྱི་ལམ་མཚམས་རིང་ཚད་ལ་སྨི120ཡོད། གཙོ་བོ་ལམ་བརྒལ་འགོག་སྲུང་གི་སྤྱིལ་བུ་བཤིག་པའི་ལས་ཀ་ཡིན་པ་རེད།

2.བཀག་སྡོམ་དོ་དམ་དུས་ཚོད། 

   2026ལོའི་ཟླ5པའི་ཚེས25ཉིན་ནས་ཟླ6པའི་ཚེས26ཉིན་བར་གྱི་ཉིན་རེའི་ཆུ་ཚོད22:00ནས་ཕྱི་ཉིན་གྱི་ཆུ་ཚོད06:00བར་ཡིན།(ལྔ་ལྔ་དུས་ཆེན་རིང(ཉིན་གསུམ)ཨར་ལས་བྱེད་མཚམས་འཇོག་རྒྱུ།) 

3. བཀག་སྡོམ་བྱེད་སྟངས། 

   འགོག་སྲུང་སྤྱིལ་བུ་བཤིག་པའི་ལས་སྒྲུབ་བྱེད་རིང་འགྲོ་ལམ་ཡོངས་བཀག་སྡོམ་བྱས་ནས་ཨར་ལས་བྱེད་པ་དང་། མཚན་མོར་བཀག་སྡོམ་རྣམ་པའི་འགྲིམ་འགྲུལ་བཀག་སྡོམ་ལག་ལེན་བསྟར་རྒྱུ། བཀག་སྡོམ་རིང་རླངས་འཁོར་ཚང་མ་འགྲོ་སྐྱོད་བྱེད་མི་ཆོག་པ་དང་རྐང་ཐང་བ་རྒྱུན་ལྡན་ལྟར་འགྲོ་ཆོག། རྩིས་སྤྲོད་བཀག་སྡོམ་མིན་པའི་དུས་མཚམས་སུ་རྒྱུན་ལྡན་ལྟར་འགྲོ་སྐྱོད་བྱ་ཆོག།

4.སྐོར་སྐྱོད་ལམ་ཐིག། མཚན་མོར་བཀག་སྡོམ་ཨར་ལས་བྱེད་རིང་རླངས་འཁོར་འཇའ་ཚོན་ཟམ་པ་ནས་ཡན་ཨན་ལམ། ལུའུ་ཤིན་ཟམ་ཆེན་བཅས་བརྒྱུད་ནས་སྐོར་སྐྱོད་བྱེད་ཆོག་པ་དང་། སྐོར་སྐྱོད་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྨི640ཙམ་ཡོད་པ་དེ་སྔར་གྱི་ལམ་ཐིག་ལས་སྨི340མང་དུ་ཕྱིན་པས་སྤྱི་ཡོངས་ཀྱི་ཤར་བགྲོད་ཤུགས་རྐྱེན་ཅུང་ཆུང་དུ་ཕྱིན་ཡོད་པ་རེད། 

གཉིས། བཀག་སྡོམ་འཁོར་རིགས།

   འཕྲུལ་འཁོར་རིགས་ཚང་མ།  

གསུམ། རྩིས་སྤྲོད་བཀག་སྡོམ་ས་ཚུགས། 

   འགྲིམ་འགྲུལ་རྩིས་སྤྲོད་བཀག་སྡོམ་གྱི་འགོ་མཇུག་མཚམས་ཀྱི་འགག་སྒོ་དེ་ཨར་ལས་ས་ཁོངས་ཀྱི་སྔ་གཞུག་གི་སྨི200ཡི་སར་བཙུགས་ཡོད།  

བཞི། འབྲེལ་ཡོད་བླང་བྱ། 

1. རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་རྣམས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་དང་། ཡུལ་དངོས་ཀྱི་འགྲིམ་འགྲུལ་བཀོད་འདོམས་ལ་ཉན་པ། འགྲིམ་འགྲུལ་མཚོན་རྟགས་གཞིར་བཟུང་ནས་བསྐྱོད་དགོས། 

2.ཨར་ལས་ལམ་མཚམས་སུ་འགྲིམ་འགྲུལ་བཀག་སྡོམ་གྱི་སྤྱི་བསྒྲགས་བྱང་བུ་ལུགས་མཐུན་ངང་འཛུགས་དགོས་པ་དང་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་གྱིས་ཕྱིར་སྐྱོད་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་པ།

3.ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གི་གཞུང་དོན་རླངས་འཁོར་དང་དེ་བཞིན་ཁུལ་བཅའ་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་རླངས་འཁོར་གྱིས་སྣེ་ཁྲིད་དེ་རང་རྟོགས་ངང་འགྲིམ་འགྲུལ་བཀག་སྡོམ་ལ་བརྩི་སྲུང་ཞུས་ནས་མིག་དཔེ་བཟང་པོ་གཏོད་དགོས།

4.བརྡ་ཁྱབ་འདི་དང་འགལ་བའི་སྡེ་ཚན་དང་མི་སྒེར་གང་ཞིག་ཡིན་རུང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》《སི་ཁྲོན་ཞིང་ཆེན<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས>ལག་བསྟར་བྱ་ཐབས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏང་རྒྱུ། 

5.འགྲིམ་འགྲུལ་བཀག་སྡོམ་བྱེད་རིང་ཞིང་ལས་ཐོན་རྫས་སོས་མ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་དང་སྦྲག་སྲིད་མྱུར་སྐྱེལ་རླངས་འཁོར་ཉེན་མེད་ཡོང་བར་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་ཐོག་ཏུ་གཏོང་དགོས།

 

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས།

2026ལོའི་ཟླ5པའི་ཚེས20ཉིན།


ཚེས25ཉིན་ནས་རྒྱལ་ལམ318ལམ་མཚམས་འདིར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ།


ལོ་ཙཱ། རྟ་མགྲིན་རྡོ་རྗེ།

རྩོམ་སྒྲིག་པ། རྟ་མེ།

རྩོམ་སྒྲིག་འགན་འཁུར་བ། ནོར་བུ།
ཞུ་ཆེན། སྐལ་ཐུབ།
སྤྱིའི་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:ཡུལ་ཤུལ་དང་དཀར་མཛེས་ཁུལ་གཉིས་ཀྱི་མཐའ་མཚམས་ལས་དོན་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10